དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • རི་སྐྱེས་སྲོག་ཆགས་འཚོ་གནས་ཁུལ་སྲུང་སྐྱོང་ཡག་པོ་བྱས་པ།

    —— ས་མཐོའི་སྲོག་ཆགས་སྲུང་སྐྱོང་གླིང་གི་ཡོན་ཀྲང་ཞིག་གི་སྐྱེ་ཁམས་སྲུང་སྐྱོང་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-28

    པར①ནི་བོད་ལྗོངས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གླིང་དུ་བཙུགས་པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་བརྗོད་དོན་གཙོ་བོའི་བརྡ་ཁྱབ་བྱང་བུ་ཡིན་པ།

    པར②ནི་བོད་ལྗོངས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གླིང་གིས་བསྐྱབས་པའི་སྤྱང་ཀི་ཡིན་པ།

    པར③ནི་བོད་ལྗོངས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གླིང་གིས་བསྐྱབས་པའི་རི་ཞུམ་ཡིན་པ།

    པར④ནི་བོད་ལྗོངས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གླིང་གིས་བསྐྱབས་པའི་བྱ་གླག་ཡིན་པ།

    པར⑤ནི་བོད་ལྗོངས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གླིང་གི་ལས་དོན་པས་རྨས་སྐྱོན་ཕོག་པའི་རི་སྐྱེས་སྲོག་ཆགས་སྐྱོབ་བཞིན་པ།

    པར⑥ནི་བོད་ལྗོངས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གླིང་གིས་བསྐྱབས་པའི་གཡི་ཡིན་པ།

    པར⑦ནི་བོད་ལྗོངས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གླིང་གིས་བསྐྱབས་པའི་གླང་ཆེན་ཡིན་པ།

    པར⑧ནི་བོད་ལྗོངས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གླིང་གི་ཟུར་ཞིག་ཡིན་པ།

    ཉིན་གུང་གི་མཚམས་སུ། བོད་ལྗོངས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གླིང་དུ་སླེབས་པའི་ལྟད་མོ་བའི་ཁྲོད་ནས་ཕྲུ་གུ་ཞིག་ལྕགས་དྲའི་འགྲམ་དུ་ཡོང་ནས་སྲོག་ཆགས་མེད་པ་མཐོང་སྐབས་རང་གི་ཁྱིམ་བདག་ལ“སྲོག་ཆགས་ཚང་མ་གང་དུ་ཕྱིན་པ་རེད”ཅེས་ཡ་མཚན་ཆེན་པོས་དྲིས།

    དེ་དུས་འཁྲིས་སུ་ཡོད་པའི་ཡོན་ཀྲང་བསྟན་འཛིན་གྱིས་སྐད་ཆ་དེ་ཐོས་ཤིང་། ཁོང་གི་ངོས་ནས་སྲོག་ཆགས་མང་པོ་མཐོང་རྒྱུ་མེད་པ་ནི་གླིང་དེའི་སྲོག་ཆགས་སྲུང་སྐྱོང་གི་འདུ་ཤེས་མཚོན་ཚུལ་ཡག་ཤོས་ཤིག་ཡིན་པ་རེད།

    “སྲོག་ཆགས་ཀྱི་ངོས་ནས་མིར་ལྟ་རུ་འཇུག་མིན་གྱི་གདམ་ག་བྱེད་དབང་ཡོད་ཚེ། དེ་ནི་སྲོག་ཆགས་ལ་སྲུང་སྐྱོང་བྱེད་ཐབས་ཡག་ཤོས་རེད”ཅེས་བསྟན་འཛིན་གྱིས་བཤད།

    ནན་ཅིང་ཧུང་ཧྲན་ནགས་ཚལ་སྲོག་ཆགས་གླིང་ལས་འཆར་སྒོ་གསར་པ་ཐོབ་རྗེས་བསྟན་འཛིན་གྱིས་རི་སྐྱེས་སྲོག་ཆགས་དག་མིའི་ལྟད་མོ་ལྟ་ཡུལ་ཁོ་ནར་འཇོག་མི་རུང་བའི་ངོས་འཛིན་བྱེད་ཀྱི་ཡོད། ད་ཆ་གླིང་དེའི་གཅན་གཟན་ཚང་མར་ཡིབ་ཚང་དང་སྔོ་ལྗང་སྲུང་བཅད་མང་པོ་བཟོས་ཡོད་པས། སྲོག་ཆགས་ཀྱིས་རང་དགར་ཕྱིར་དོན་པའམ་ཡང་ན་ཡིབ་ནས་སྡོད་ཆོག་གི་ཡོད། སྲོག་ཆགས་ཀྱི་འདོད་བློར་བརྩི་འཇོག་བྱེད་པ་དེ་ཡུལ་སྐོར་བའི་ལྟད་མོ་ལྟ་བའི་དགོས་མཁོ་སྐོང་བ་ལས་གལ་འགངས་ཆེ་བ་ཡོད།

    ཉིན་གང་གསའ་དང་སྤྱང་ཀི་དང་མཉམ་དུ་འགྲོགས་པའི་བསྟན་འཛིན་གྱི་ཐོག་མའི་ལས་ཞུགས་འཆར་གཞི་ནི་དངུལ་ཁང་གི་ལས་མི་ཞིག་བྱས་ནས་གྲངས་གཞི་དང་སྙན་ཐོའི་རེའུ་མིག་བཟོ་རྒྱུ་དེ་ཡིན། འོན་ཀྱང་ལས་དབང་ལ་བཀོད་པ་བཞིན་ད་ཆ་ཁོང་གི་ཐོག་མའི་ཕུགས་བསམ་ལའང་འགྱུར་ལྡོག་ཕྱིན་ཞིང་། ཁོང་གིས་བེམ་པོའི་ཚུལ་གྱི་གྲངས་ཀ་དང་རྩིས་རིང་དུ་དོར་ནས་རི་ཐང་དུ་གཞིས་ཚུགས་ཏེ་ས་མཐོའི་གསོན་རྗེན་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་མཁན་ཞིག་བྱས།

    ན་ནིང་གླིང་དེའི་སྲོལ་རྒྱུན་སྲོག་ཆགས་གླིང་གི་སྤྱན་གཟིགས་ཀྱི་ནུས་པ་དངོས་སུ་མེད་པར་བཟོས་ཏེ། སྐྱོབ་ཉར་དང་། རྒྱུད་པ་སྲུང་སྐྱོང་། སྐྱེ་ཁམས་ཚན་རིག་ཁྱབ་གདལ་སོགས་ཀྱི་འགན་ནུས་ཆེ་རུ་བཏང་བས། བོད་ཀྱི་ལྗོངས་ཡོངས་ཀྱི་རི་སྐྱེས་སྲོག་ཆགས་སྐྱོབ་ཉར་གྱི“སྒར་ས་ཆེ་མོར”གྱུར་ཞིང་། འདི་གར་ཆེད་མངགས་ས་ཕྱོགས་ཁག་གི་རྨས་སྐྱོན་ཕོག་པ་དང་། ཁྱུ་དང་བྲལ་བའི་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་ཉར་གྱི་ཡོད། ལམ་ཐག་རིང་ཤོས་ཤིག་ལ་བསྟན་འཛིན་གྱིས་ཚོགས་པའི་སྣེ་ཁྲིད་དེ་སྤྱི་ལེ་800ལྷག་ཙམ་མཚན་འགྲུལ་བརྒྱབ་སྟེ་མངའ་རིས་ནས་གསའ་ཕྲུག་གསུམ་བསྐྱབས་པ་རེད།

    རོགས་སྐྱོབ་འདི་ལྟ་བུ་གླིང་དེས་ཐེངས་མང་བྱེད་མྱོང་ཞིང་། 2019ལོར་ཆུ་ཤུར་རྫོང་གི་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ས་ཚིགས་བཙུགས་ཚུན། རིམ་རྩིས་བརྒྱབ་ན་རི་སྐྱེས་སྲོག་ཆགས་600ལྷག་ཙམ་བསྐྱབས་པའི་ནང་ནས་200ལྷག་ཙམ་དྲག་སྐྱེད་བྱུང་རྗེས་རང་བྱུང་ཁམས་སུ་གློད་པ་དང་། ཉེ་བའི་ལོ་ལྔའི་རིང་རིམ་རྩིས་བརྒྱབ་ན། གསའ་8བསྐྱབས་པ་དང་། ན་ནིང་གཡང་ནས་ལྷུང་བ་ལས་བསྐྱབས་པའི་གསའ“ཚེ་རིང་ནཱ་ནཱ”བདེ་བླག་ངང་གངས་རིར་གློད་པ་རེད།

    ཐོག་མའི་བསམ་འདུན་བརྟན་སྲུང་གིས་ཚོང་ལས་ཀྱི་ཁེ་སྤོགས་ཁོ་ན་དོན་གཉེར་མ་བྱས་པར། གླིང་དེས་སྲོག་ཆགས་ཀྱི་འཁྲབ་སྟོན་སོགས་ཀྱི་ཁེ་བཟང་མང་བའི་རྣམ་གྲངས་རང་འགུལ་ངང་མེད་པར་བཟོས་ཏེ། རི་སྐྱེས་སྲོག་ཆགས་རོལ་རྩེད་ཅན་དུ་འགྱུར་རྒྱུ་བཀག་འགོག་བྱས་པ་དང་། སྤ་སེའི་ཡོང་འབབ་ནས་80%སྲོག་ཆགས་སྐྱོབ་བཅོས་དང་། སྲོག་ཆགས་ཀྱི་ཕྲུ་གུ་གསོ་སྐྱོང་། འཚོ་སྡོད་ཁུལ་རིམ་སྤོར་སོགས་ཀྱི་སྲུང་སྐྱོང་ལས་དོན་ལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཡོད།

    “དུས་ཐུང་གི་ཁེ་ཕན་དོར་ནས་སྐྱེ་ཁམས་སྲུང་སྐྱོང་གཏིང་ཟབ་བྱེད་པ་དེ་ནི་ཕུགས་ལ་ཕན་ཞིང་དོན་སྙིང་ལྡན་པའི་མ་འཇོག་ཅིག་རེད”ཅེས་བསྟན་འཛིན་གྱིས་བཤད།

    ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཁྱུ་ཚོགས་ཀྱི་གྲངས་འབོར་སླར་གསོའི་རང་བཞིན་གྱི་སྒོ་ནས་མང་དུ་ཕྱིན་པ་སྟེ། གཙོད་ཁྲི་7ལྷག་ཙམ་ནས་ཁྲི་30ལྷག་ཙམ་བར་མང་དུ་ཕྱིན་པ་དང་། འབྲོང་སྟོང་ཕྲག་ཁ་ཤས་ནས་ཁྲི་2ལྷག་ཙམ་བར་མང་དུ་ཕྱིན་པ། ཁྲུང་ཁྲུང་སྐེ་ནག་2000ཡང་མ་ཟིན་པ་ནས་ཁྲི་1ལྷག་ཙམ་བར་མང་དུ་ཕྱིན་པ། ཡུན་ནན་གྱི་སྤྲེའུ་སྤུ་སེར་600ཡང་མ་ཟིན་པ་ནས་800བར་མང་དུ་ཕྱིན་པ། དེ་སྔ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྟོངས་ཚར་བར་ངོས་འཛིན་པའི་ཤྭ་བ་དམར་པོའི་ཐོག་མའི་གྲངས་འབོར་200ལྷག་ཙམ་ལས་ཟིན་གྱི་མེད་པ་ནས་ད་ཆ་800ལྷག་ཙམ་བར་མང་དུ་ཕྱིན་ཡོད།

    རང་ལྗོངས་ཀྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཐད་ཀྱི་གྲུབ་འབྲས་དེ་སྐྱོབ་བཅོས་བྱས་པའི་སྲོག་ཆགས་དག་ལས་མངོན་ཞིང་། ལྐོག་ལྟ་དང་སུན་པོ་མི་བཟོ་བ་དེ་ནི་ས་མཐོའི་སྲུང་སྐྱོང་བས་རི་སྐྱེས་སྲོག་ཆགས་ལ་བྱམས་སྙིང་རྗེའི་ཐོག་ནས་བརྩི་འཇོག་དང་རང་དབང་སྤྲད་པ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།