དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་སྒྱུར་ཁོངས་གཏོགས་ཀྱིས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-27

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་སྒྱུར་ཁོངས་གཏོགས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་དང་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་ངེས་གནས་ལ་གཞི་ཚུགས་པ་དང་། “རི་གཉིས”ཀྱི་འདུ་ཤེས་ལག་ལེན་བསྟར་བ། ལྟ་འདོམས་དང་ཞབས་ཞུ་ཟུང་དུ་འབྲེལ་བའི་གལ་ཆེ་མཉམ་འཛིན་དང་གུ་ཡངས་དང་དམ་ནན་ཟུང་དུ་འབྲེལ་བའི་ལྟ་འདོམས་ཀྱི་རྩ་དོན་མཐའ་འཁྱོངས་བཅས་བྱས་ཏེ། ཞི་འཇམ་ལྟ་འདོམས་དང་། ཆད་པ་མི་གཅོད་པ་དང་ཡང་དུ་གཏོང་བ། མཐུན་སྦྱོར་མཉམ་འགུལ། ཁྲིམས་ལུགས་ཁྱབ་གདལ་ཞབས་ཞུ་སོགས་ཀྱི་ཐད་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཡོད།

    ཁྲིམས་འགལ་ཆུང་ཙག་ནོར་འཛོལ་རུང་ལ་ཆད་པ་མི་གཅོད་པའི་ཐད། ཉེས་ཆད་མི་གཅོད་པ་དང་ཡང་དུ་གཏོང་བའི་སྲིད་ཇུས་ལག་བསྟར་ནན་པོ་བྱས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”རིང་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱིས་ཆད་པ་མ་བཅད་པའི་གྱོད་གཞི་64དང་ཆད་པ་ཡང་དུ་བཏང་བའི་དངུལ་ཆད་སྒོར་ཁྲི་1444.14ཟིན་པ་དང་། སློབ་གསོར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་དང་རོགས་རམ་ལ་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་བཏང་སྟེ་ཁེ་ལས་ཀྱི་ཁུར་པོ་ཡང་དུ་བཏང་ཡོད།

    མཐུན་སྦྱོར་ཅན་གྱི་ལྟ་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བའི་ཐད། ལྗོངས་ཡོངས་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དང་གཙོ་གནད་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོར་དམ་པོར་དམིགས་ཏེ། མཉམ་འབྲེལ་ལྟ་འདོམས་ལམ་སྲོལ་བཙུགས་ནས“སྔ་སྣུར་དུ་ཞུགས་པ་དང་། བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག མཉམ་འབྲེལ་ལྟ་འདོམས། རོགས་སྐྱོར་མཛུབ་ཁྲིད། ཞབས་ཞུ་འགན་ལེན”བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ལས་དོན་སྒྲུབ་ཐབས་དོན་འཁྱོལ་བྱས་ཡོད།

    ཁེ་ལས་ཀྱིས་ཁྲིམས་ལུགས་ཁྱབ་གདལ་གཏོང་བར་ཕྱོགས་ཡོངས་ནས་རམ་འདེགས་བྱེད་པའི་ཐད། ཁྲིམས་ལུགས་ཁྱབ་གདལ་ཞབས་ཞུ་དེ་ཁྲིམས་སྒྱུར་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། ཁེ་ལས་སུ་བཅའ་ཁྲིམས་རྒྱུན་རྣམ་ཅན་གྱིས་ཁྱབ་གདལ་གཏོང་བ་དང་སྒོ་རྩར་རོགས་སྐྱོར་བྱས་ནས་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་ཐེངས་5579བྱས་པ་དང་དྲིལ་བསྒྲགས་དཔྱད་ཡིག་ཁྲི་19.2ལྷག་ཙམ་སྤྲད་ཡོད། ཁེ་ལས་ཀྱིས་ཁོར་ཡུག་སྲུང་སྐྱོང་དོ་དམ་འཐུས་སྒོ་ཚང་དུ་གཏོང་བ་དང་ཁོར་ཡུག་གི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པར་མཛུབ་ཁྲིད་བྱས་པ་དང་། སྲིད་གཞུང་དང་ཁེ་ལས་དབར་གྱི་འབྲེལ་གཏུག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་སྲིད་ཇུས་དང་ལག་རྩལ་གཏན་འཁེལ་ཅན་གྱི་ཞབས་འདེགས་གནད་སྨིན་ཞུས་ཏེ་ཁེ་ལས་ལ་རང་འགུལ་ངང་སྦགས་བཙོག་བཅོས་སྐྱོང་དང་ལྗང་མདོག་ཕྱོགས་སྒྱུར་བྱེད་པར་ཁྲིད་སྟོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།