བཞད་མཐོང་སྨོན་རྫོང་གིས།
རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་དོ་དམ་གསོ་སྦྱོང་བྱས་པ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་གིས་རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་དོ་དམ་བ་སྒྲིག་འཛུགས་བྱས་ནས་རྫོང་ཡོངས་ཀྱི་འཐབ་ས་དང་པོའི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་མི་སྣ་གཅིག་སྡུད་ཐོག་གསོ་སྦྱོང་བྱས་པ་རེད།
གསོ་སྦྱོང་ནང་། ད་དུང་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་གི་ཆེད་དོན་སློབ་ཚན་བཀོད་སྒྲིག་བྱས་ནས་ཁྲུང་ཁྲུང་སྐེ་ནག་གི་འཚོ་བའི་གོམས་གཤིས་དང་། གནས་སྤོའི་ཆོས་ཉིད། བབ་སྡོད་ཁུལ་སྲུང་སྐྱོང་གི་དོ་སྣང་བྱེད་དགོས་པའི་དོན་ཚན་བཅས་ངོ་སྤྲོད་བྱས་པ་མ་ཟད། དེ་སྔར་ཁྲུང་ཁྲུང་སྐེ་ནག་ལ་རོགས་སྐྱོབ་བྱས་པའི་དཔེ་མཚོན་དང་ཟུང་འབྲེལ་བྱས་ནས་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་དོ་དམ་སྲུང་སྐྱོང་མི་སྣས་རྩ་ཆེའི་དུས་བྱའི་ཆེད་གཏོགས་སྲུང་སྐྱོང་ལས་དོན་དེ་བས་ལེགས་པའི་སྒོ་ནས་སྤེལ་རྒྱུར་རོགས་རམ་བྱས་ཡོད། གསོ་སྦྱོང་ནང་གཞན་ཡང་ས་མཐོའི་ཐང་སྟོང་ལས་སྒྲུབ་ཀྱི་བདེ་འཇགས་འགོག་སྲུང་དང་བོད་ཀྱི་གསོ་བ་རིག་པའི་ལུས་གསོ་འཕྲོད་སྦྱོར་གྱི་ནང་དོན་བསྣན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།