“ལོ་ལྔ་ཚན་བཅུ་བཞི་པའི”རིང་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུཌ་ཀྱི་ལྗང་མདོག་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།
རིམ་རྩིས་བརྒྱབ་ན་ཨར་ལས་གད་སྙིགས་ཏུན་ཁྲི་3.5ལྷག་ཙམ་ཚུར་བསྡུ་བསྐྱར་སྤྱོད་བྱས་ཏེ་ཐཱན་འབུད་ཚད་ཏུན་2800ཉུང་དུ་བཏང་བ།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་བཟོ་སྐྲུན་མཐའ་འཁྱོངས་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དེ་ཉིད་གློག་དྲ་འཆར་འགོད་དང་། འཛུགས་སྐྲུན། འཁོར་སྐྱོད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་གློག་དྲ་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོང་གཉིས་མཐུན་སྦྱོར་མཉམ་གནས་དང་ཞི་མཐུན་གཉིས་ཕན་ཡོང་བར་བྱས་ཡོད་པ་རེད།
ལྗང་མདོག་བཟོ་སྐྲུན་ཁྱབ་གདལ་བཏང་ནས་སྐྱེ་ཁམས་ལ་གནོད་སྐྱོན་ཕོག་ཤུགས་ཆུང་དུ་གཏོང་གང་ཐུབ་བྱས་ཤིང་། ཀུང་སིས་ལྗང་མདོག་ཇུས་འགོད་དང་། ལྗང་མདོག་བཟོ་སྐྲུན། ལྗང་མདོག་ཞིབ་བཤེར་རྩིས་ལེན་བཅས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། སྒྲིག་སྦྱོར་དབྱིབས་ཅན་གྱི་འཛུགས་སྐྲུན་དང་། དུམ་ཚན་ཅན་གྱི་སྒྲིག་ཆས། ངར་ལྕགས་གྲུབ་ཆའི་བཟོ་ཁང་བེད་སྤྱོད་བཅས་ཁྱབ་གདལ་ཤུགས་ཆེན་བཏང་ཡོད། མིག་སྔར་ཆན་ཧྥུའུ་110དང་དེ་མན་གྱི་གསར་སྐྲུན་གློག་སྒྱུར་ས་ཚིགས་ལ་སྔོན་བཟོས་བཟོ་ཚང་དང་སྒྲིག་སྦྱོར་རྣམ་པའི་གྱང་ར་ཡོངས་ཁྱབ་ངང་སྤྱད་པས་ཨར་ལས་གད་སྙིགས་ཧ་ཅང་ཉུང་དུ་ཕྱིན་ཡོད། “ལོ་གཅིག་འདེབས་འཛུགས་དང་ལོ་གཉིས་བདག་སྐྱོང”གི་སྔོ་ཁེབས་སླར་གསོའི་ལམ་སྲོལ་བཙུགས་ནས་ས་མཐོར་འཚམ་པའི་རྩི་ཤིང་བདམས་ཏེ་སྐྱེ་ཁམས་སླར་གསོ“ཡུག་གཅིག་སླར་གསོ་དང་། ཡུག་གཅིག་གསོན་པ། ཡུག་གཅིག་བརྟན་པོ”བཅས་ཡོང་བའི་འགན་ལེན་བྱས་ཡོད་པ་རེད།
རྒྱུན་འཁོར་བེད་སྤྱོད་གཏིང་ཟབ་བྱས་ནས་ཐོན་ཁུངས་གྲོན་ཆུང་རྣམ་པའི་འཕེལ་རྒྱས་གཏོང་སྟངས་བཏོད་ཅིང་། ཀུང་སིས“རིགས་དབྱེ་ཚུར་བསྡུ་དང་། ལས་སྣོན་ཐག་གཅོད། བསྐྱར་སྐྱེ་བེད་སྤྱོད”བཅས་ཀྱི་གདུབ་ཟུམ་མ་ལག་བསྐྲུན་ནས་ལྗང་མདོག་བཟོ་སྐྲུན་གྱི་དཔེ་སྟོན་དཔེ་མཚོན་བཏོད་ཡོད། རང་སར་རྒྱུ་ཆ་ལེན་པ་དང་ཉེ་སར་བེད་སྤྱོད་བྱས་པ་བརྒྱུད་ཐག་རིང་སྐྱེལ་འདྲེན་ལས་བྱུང་བའི་ནུས་རྒྱུ་ཟད་གྲོན་དང་སྐྱེ་ཁམས་ལ་གནོད་སྐྱོན་ཕོག་ཤུགས་ཆུང་དུ་ནུས་ལྡན་ཕྱིན་ནས། ས་མཐོའི་ན་ཁ་སྲུང་སྐྱོང་ཐུབ་པ་དང་ཆབས་ཅིག་མ་གནས་གཅོག་པ་དང་ཕན་འབྲས་ཆེ་རུ་ཕྱིན་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཀུང་སིས་རིམ་རྩིས་བརྒྱབ་ན་ཨར་ལས་གད་སྙིགས་ཏུན་ཁྲི་3.5ལྷག་ཙམ་ཚུར་བསྡུ་བསྐྱར་སྤྱོད་བྱས་ནས་ཐཱན་འབུད་ཚད་ཏུན་2800ཉུང་དུ་བཏང་བས་མ་གནས་སྒོར་ཁྲི་1800ལྷག་ཙམ་གྲོན་ཆུང་ཐུབ་ཡོད། ལས་གྲྭ་ཁག་64ལ་ལྗང་མདོག་བཟོ་སྐྲུན་གྱི་གདེང་འཇོག་བྱས་ནས་འདྲ་བཟོ་བྱེད་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་ལྗང་མདོག་བཟོ་སྐྲུན་གྱི་ཉམས་མྱོང་བསགས་ཡོད་པ་རེད།
ཉེན་ཆེའི་ཟོག་རོ་གཙང་སེལ་ལ་དམ་འཛིན་ནན་པོ་བྱས་ནས་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་བཏང་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཀུང་སིས་བེད་མེད་གཏེར་སྣུམ་ཏུན་100ལྷག་ཙམ་དང་བེད་མེད་ཞ་གསོག་གློག་རྫས་ཏུན་300ལྷག་ཙམ་བདེ་འཇགས་ངང་གཙང་སེལ་བྱས་པ་དང་། ཧྥུའུ་དྲུག་རྫས་རླུང་ཚུར་བསྡུ་བྱེད་ཚད་ཏུན་30ལྷག་ཙམ་ཟིན་ནས་ཚུར་བསྡུ་བྱེད་ཚད་97%ཡན་བརྟན་པོ་ཟིན་ཏེ་ཉེན་ཆེའི་ཟོག་རོ་གཙང་སེལ་ཚད་གཞི་ལོན་ཚད་100%ཟིན་ནས་ས་མཐོའི་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་འགན་སྲུང་ཐུབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།