ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱིས་རིག་གནས་དང་ཡུལ་སྐོར་ཐོན་ལས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་བཏོན་པ།
བྱ་དགའ་མང་ཤོས་སྒོར་ཁྲི་100སྤྲད་པ།
ཉེ་ཆར་གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རིག་གནས་དང་ཡུལ་སྐོར་འོས་སྦྱོར་འདུ་ཚོགས་ནས་ཤེས་རྟོགས་བྱུང་བར། སྣེ་གདོང་ཆུས་ཀྱིས་ལོ་མང་བསྟུད་མར་རིག་གནས་དང་ཡུལ་སྐོར་ཐོན་ལས་ལ་རོགས་སྐྱོར་དང་བྱ་དགའ་སྤྲོད་པའི་སྲིད་ཇུས་ལག་བསྟར་བྱས་པ་དང་འབྲེལ། དེ་མཚུངས་ཀྱི་ལག་བསྟར་ཞིབ་སྲོལ་བཟོས་ནས་བཏོན་པ་དང་། ཕྱོགས་མང་པོ་ནས་རིག་གནས་དང་ཡུལ་སྐོར་ཁེ་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་ལས་བྱ་དགའ་མང་ཤོས་ལ་སྒོར་ཁྲི་100སྤྲད་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། རོགས་སྐྱོར་སྲིད་ཇུས་གཞིར་བཟུང་། འབྲེལ་ཡོད་ཁེ་ལས་ཀྱིས་སྣེ་གདོང་གི་རིག་གནས་དང་ཡུལ་སྐོར་རྣམ་གྲངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་ཁྲི་500(ཚུད་པ)ཡན(མཛོད་འཇུག་སྡོམ་རྩིས་ཀྱི་གྲངས་གཞིའི་ཚད་གཞི་གཞིར་བཟུང)བཏང་ནས་གཉེར་སྐྱོང་ཆ་རྐྱེན་འཛོམས་རྗེས་མ་འཇོག་གྲངས་འབོར་གྱི་5%གཞིར་བཟུང་བྱ་དགའ་སྤྲོད་རྩིས་ཡོད་པ་དང་། ལོའི་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི་1000དང་། སྒོར་ཁྲི་2000 སྒོར་ཁྲི་3000བཅས་ལས་ཐོག་མར་བརྒལ་བར་ཁག་སོ་སོར་སྤྲོད་ཐེངས་གཅིག་ལ་སྒོར་ཁྲི་10དང་། སྒོར་ཁྲི་20 སྒོར་ཁྲི་30བཅས་ཀྱི་བྱ་དགའ་སྤྲོད་རྩིས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།