གནམ་མཚོའི་དར་ཁ་ཕྱེ་བ།

མཚོའི་དར་ཁ་ཕྱེ་བའི་མཛད་སྒོ་འཚོག་ཡུལ་དུ་འཁྲབ་སྟོན་པས་ཞབས་བྲོ་འཁྲབ་བཞིན་པ།

ཡུལ་སྐོར་བ་མཚོ་འགྲམ་དུ་རྩེད་འཇོར་རོལ་བཞིན་པ།

མཚོ་འགྲམ་དུ་ཅི་དགར་འཚོ་བཞིན་པའི་ཆུ་སྐྱར་ཡིན་པ།
ཟླ་5ཚེས་19ཉིན་ནི“ཀྲུང་གོའི་ཡུལ་སྐོར་ཉིན་མོ”ཡིན་ཞིང་། ཉིན་དེར་གནམ་མཚོའི་དར་ཁ་དངོས་སུ་ཕྱེ་ཡོད། གྲང་ངར་ཆེ་བའི་དགུན་ཁ་ཡོལ་ནས་ཡུན་རིང་བསྡམས་པའི་གནམ་མཚོའི་འཁྱགས་པ་རིམ་གྱིས་བཞུར་ཏེ། རི་ཚོགས་ཀྱིས་བསྐོར་བའི་ཁྲོད་ཆུ་མོ་དྭངས་ཤིང་གཙང་བ་དང་། མཚོ་མོ་ཆལ་ཆིལ་དུ་སྣང་བ། མཚོ་ཁ་ཡངས་ཤིང་རྒྱ་ཆེ་བར་གྱུར་ནས་བོད་བྱང་ཐང་གི་བརྗིད་ཆགས་ཡིད་འོང་གི་ཉམས་འགྱུར་ཞིག་མངོན་འོང་།
འབྲེལ་ཡོད་གསར་འགྱུར།