ཆབ་མདོ་གྲོང་ཁྱེར་གྱིས་འཛེར་སྒྲའི་སྦགས་བཙོག་ཆེད་དོན་བཅོས་སྒྲིག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།
ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ལྟེ་བའི་གྲོང་ཁུལ་གྱི་རོལ་རྩེད་ཀྱི་འཛེར་སྒྲ་སོགས་མང་ཚོགས་ལ་སུན་པོ་བཟོ་བའི་གནད་དོན་མངོན་གསལ་དོད་པོར་དམ་པོར་དམིགས་ཏེ། སྤྱི་འདོམས་འཆར་འགོད་དང་། ཐབས་མང་མཉམ་སྤྱོད། མཐུན་སྦྱོར་ཤུགས་སྣོན་བཅས་བྱས་ནས་འཛེར་སྒྲའི་སྦགས་བཙོག་ཆེད་དོན་བཅོས་སྒྲིག་གི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་བྱེད་ཐབས་ཏན་ཏིག་ལ་བརྟེན་ནས་གྲོང་ཁྱེར་གྱི་ཁ་ཁུ་སིམ་པའི་ཁོར་ཡུག་སྲུང་སྐྱོང་བྱས་པ་རེད།
ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་འཛེར་སྒྲ་བཅོས་སྒྲིག་ལས་དོན་ལ་ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཏེ་བཅོས་སྒྲིག་གི་ཁ་ཕྱོགས་བཏོན་པ་དང་། བཅོས་སྒྲིག་གི་བྱ་ཐབས་ཁ་གསལ་བཟོས་པ། བཅོས་སྒྲིག་གི་འགན་འཁྲི་ནན་དུ་བཏང་ཞིང་། གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་མཉམ་འབྲེལ་བརྟག་ཞིབ་ཚོགས་ཆུང་བཙུགས་ནས་ཟླ་ཕྱེད་རིང་གཅིག་སྡུད་ཐོག་ས་ཡུལ་དངོས་སུ་བརྟག་དཔྱད་དང་དུད་ཁྱིམ་དུ་འདྲི་རྟོག་བྱས་པ་དང་། 《ཆབ་མདོ་གྲོང་ཁྱེར་གྱི<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛེར་སྒྲའི་སྦགས་བཙོག་འགོག་བཅོས་ཀྱི་བཅའ་ཁྲིམས>ཀྱི་དོན་ཚན་ཁག་གཅིག་དོན་འཁྱོལ་བྱེད་པའི་སྡེ་ཚན་གྱི་འགན་འཁྲི་ཁག་བགོས་ཇུས་གཞི》དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་བཟོས་པ་དང་། འཛེར་སྒྲ་བཅོས་སྒྲིག་གི་རྩིས་ཐོ་དུས་གཅིག་ཏུ་བཟོས་ནས་གསལ་ཐོ་ཅན་གྱི་དོ་དམ་དང་། རྣམ་གྲངས་ཅན་གྱི་སྐུལ་འདེད། མཚམས་ཚིགས་ཅན་གྱི་སྒྲུབ་སྐུལ་བཅས་ལག་བསྟར་བྱས་པ་རེད། དེ་དང་ཆབས་ཅིག གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་དང་། ཁྲོམ་ར་ལྟ་འདོམས་ཅུས། སྤྱི་བདེ་ཅུས་སོགས་སྒྲིག་འཛུགས་བྱས་ནས་ཨོ་རོང་ཁ་ཁྲོམ་གཞུང་གི་རིག་གནས་རོལ་རྩེད་བྱ་ཡུལ་དུ་མཉམ་དུ་ཁྲིམས་སྒྱུར་ཞིབ་བཤེར་ཐེངས་39བྱས་པ་དང་། ཁྲིམས་སྒྱུར་མི་སྣ་མི་ཐེངས་120ལྷག་ཙམ་བཏང་བ། རོལ་རྩེད་ཁང་12ཀྱི་འགན་འཁུར་བ་སྐོང་འདྲི་བྱས་པ། དུས་བཀག་བཅོས་སྒྲིག་གི་བརྡ་ཐོ་12བཏང་བ། སྒྲིག་འགལ་རོལ་རྩེད་ཁང་8ལ་འཛེར་སྒྲ་ཆེ་བའི་སྒྲ་སྐྱེད་སྒྲིག་ཆས་སྤྱོད་མི་ཆོག་པའི་གཏན་འབེབས་ཡི་གེ་8བཀྲམ་པ་སོགས་བྱས་པ་མ་ཟད། དུས་བཀག་ལྟར་འཛེར་སྒྲ་བཅོས་སྒྲིག་ལས་དོན་གྱི་བསྐྱར་བཤེར་བསྐྱར་འདྲི་བྱས་ཏེ་བཅོས་སྒྲིག་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུའང་བཏང་ཡོད།
ལས་ཀ་ཡག་པོ་བྱས་མིན་ཐད་མང་ཚོགས་ནི་ཆེས་ཐད་ཀའི་ལྟ་སྐུལ་པ་རེད། དེར་བརྟེན་ཆབ་མདོ་གྲོང་ཁྱེར་གྱིས་འཛེར་སྒྲའི་སྦགས་བཙོག་གི་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་ཐབས་ལམ་ཕྱོགས་ཡོངས་ནས་རྒྱ་ཆེར་བཏང་ནས་སྲིད་གཞུང་གི་ཞབས་ཞུའི་ཐད་སྦྲེལ་ཁ་པར“12345”དང་། གཞུང་ཕྱོགས་ཀྱི་སྐད་འཕྲིན་སྤྱི་རྟགས། ཁོར་ཡུག་སྲུང་སྐྱོང་འབྲེལ་གཏུག་གཱ་སོགས་ཐེར་འདོན་ཐབས་ལམ་སྣ་ཚོགས་བརྒྱུད་ཐེར་འདོན་གོང་ཞུའི་བརྒྱུད་རིམ་སྟབས་བདེ་རུ་བཏང་ཞིང་། ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་གོང་ཞུའི་ཁུངས་སྣེ་མགྱོགས་མྱུར་ཞིབ་བཤེར་དང་གདུབ་ཟུམ་ཐག་གཅོད་ལམ་སྲོལ་བཟོས་ཏེ་མང་ཚོགས་ཀྱི་ལྟ་སྐུལ་མིག་མཐོང་ལག་ཟིན་དུ་འགྱུར་བ་དང་རེ་ཞུ་བྱེད་སྟངས་ཐོགས་མེད་སྟབས་བདེར་འགྱུར་བར་བྱས་ཡོད། རྒྱ་ཆེའི་གྲོང་མིར་འཛེར་སྒྲའི་སྦགས་བཙོག་གི་ཁེ་དབང་སྲུང་སྐྱོང་བྱེད་སྟངས་ཁྱབ་གདལ་བཏང་ནས་འཛེར་སྒྲའི་སྦགས་བཙོག་ཐད་ཀྱི་མང་ཚོགས་ཀྱི་ལྟ་སྐུལ་དང་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུའང་བཏང་བ་རེད། དེར་བརྟེན། ད་ཆ་ཚང་མས་སེམས་ཁུར་དང་། ཚང་མ་མཉམ་ཞུགས། ཚང་མར་ཕན་པ་ཐོབ་པ་བཅས་ཀྱི་སྤྱི་ཚོགས་ཡོངས་ཀྱིས་འཛེར་སྒྲའི་སྦགས་བཙོག་མཉམ་དུ་བཅོས་སྐྱོང་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་རིམ་གྱིས་ཆགས་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།