དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • སྒར་རྫོང་གི་ཀུན་ཁྱབ་སྐད་འཕྲིན་གྱི་བྱ་རིམ་ཆུང་གྲས་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-18

    ཉེ་ཆར། སྒར་རྫོང་གི་ཀུན་ཁྱབ་སྐད་འཕྲིན་གྱི་བྱ་རིམ་ཆུང་གྲས་དངོས་སུ་སྤྱོད་འགོ་ཚུགས་ཤིང་། རྒྱ་ཆེའི་ཡུལ་མི་ཚོས་ལག་ཐོགས་ཁ་པར་ནས་མཛུབ་མོ་འགུལ་ཙམ་བྱས་ཚེ་ཤོག་བུ་དང་། ལྕགས་རིགས། འགྱིག་ཤོག་སོགས་སྒོ་རྩར་ཉོ་བར་ཡོང་ནས་རྒྱ་ཆེའི་མང་ཚོགས་ཚོར་འཚོ་བའི་གད་སྙིགས་རང་རྟོགས་ངང་རིགས་དབྱེ་དང་ཐོན་ཁུངས་ཚུར་བསྡུའི་གོམས་གཤིས་བཟང་པོ་འཇགས་རྒྱུར་ཁྲིད་སྟོན་བྱས་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ལྗང་མདོག་ཐཱན་ཉུང་གི་འཚོ་བའི་འདུ་ཤེས་སྔར་བས་དར་སྤེལ་བཏང་ནས་འཚོ་བའི་གད་སྙིགས་རིགས་དབྱེ་ཁྱབ་གདལ་གཏོང་ཆེད། སྒར་རྫོང་གིས་ཀུན་ཁྱབ་སྐད་འཕྲིན་གྱི་བྱ་རིམ་ཆུང་གྲས་ཁྱབ་གདལ་བཏང་ནས་སྒོ་རྩར་ཚུར་བསྡུའི་དམངས་ཕན་ཞབས་ཞུ་མཁོ་འདོན་བྱས་པ་དེས་གད་སྙིགས་རིགས་དབྱེ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་པ་དང་། “སྙིགས་མེད་གྲོང་ཁྱེར”འཛུགས་གཏོད་ལ་རམ་འདེགས་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ་རེད།

    བྱ་རིམ་ཆུང་གྲས་སྤྱོད་འགོ་ཚུགས་རྗེས་གྲོང་མིའི་རྒྱུན་གཏན་གྱི་ཚུར་བསྡུའི་དངོས་པོ་ཐག་གཅོད་སྟབས་བདེ་མེད་པའི་དཀའ་གནད་ནུས་ལྡན་ངང་སེལ་བ་དང་། ཐོན་ཁུངས་ཚུར་བསྡུའི་ཐབས་ལམ་ཚད་ལྡན་དུ་གཏོང་བ། ཐོན་ཁུངས་འཁོར་རྒྱུག་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་གཙང་ལ་གྲལ་འགྲིག་པ་དང་ལྗང་མདོག་སྡོད་མལ་ལ་འཚམ་པའི་ཁོར་ཡུག་ཅིག་གཏོད་རྒྱུ་རེད།

    རྒྱ་ཆེའི་གྲོང་མིས་སྐད་འཕྲིན་ནས་ཐད་ཀར་ཀུན་ཁྱབ་སྐད་འཕྲིན་འཚོལ་ཞིབ་བྱས་ནས་ཐོ་འགོད་བེད་སྤྱོད་གཏོང་ཆོག་པ་དང་ཁ་ཆད་ལེགས་གྲུབ་བྱུང་རྗེས་ཤོག་སྙིགས་དང་། འགྱིག་ཤོག ལྕགས་རིགས། ཁྱིམ་སྤྱོད་གློག་ཆས་རྙིང་པ་སོགས་ཚུར་བསྡུ་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།