དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • “ལོ་ལྔ་ཚན་བཅོ་ལྔ་པའི”རིང་དྭངས་ར་གཡུ་མཚོ་5Aརིམ་པའི་མཛེས་ལྗོངས་ཁུལ་ལ་འགྱུར་ཐུབ་པ་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-18

    ཉེ་ཆར། གསར་འགོད་པར་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་རིག་གནས་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ཉི་མ་རྫོང་གིས་དྭངས་ར་གཡུ་མཚོའི་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་མཐོར་གཏོང་རིམ་སྤོར་ལ་སྐུལ་འདེད་བཏང་ནས་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་དང་རིག་ལྡན་ཡུལ་སྐོར་མ་ལག་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་། 5Aརིམ་པའི་མཛེས་ལྗོངས་ཁུལ་འཛུགས་གཏོད་ཀྱི་འདུ་འགོད་ལག་ལེན་ཧུར་ཐག་བསྟར་བ། ཞང་ཞུང་བར་པའི་རིག་གནས་དང་འབྲོག་པའི་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱེད་པ། དབྱིངས་ཞུགས་རྣམ་པའི་རིག་གནས་ཉམས་ལེན་རྣམ་གྲངས་གསར་སྤེལ་བཅས་བྱས་ཏེ་ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་IPགཏོད་རྒྱུ་ཡིན་པ་རེད།

    “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་དང་བསྟུན་ནས་ཉི་མ་རྫོང་གིས་བཀྲག་མདངས་འཚེར་བའི་རིག་གནས་ཡུལ་སྐོར་གྱི་རྒྱུགས་ལན་ཞིག་ཕུལ་ཡོད། དྭངས་ར་གཡུ་མཚོ། ཞང་ཞུང་བར་པའི་རིག་གནས་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དང་། 2023ལོའི་ཟླ་12པར་རྒྱལ་ཁབ་ཀྱི་4Aརིམ་པའི་མཛེས་ལྗོངས་ཁུལ་བདེ་བླག་ངང་འཛུགས་གཏོད་བྱས་པས་ནག་ཆུ་གྲོང་ཁྱེར་གྱི་4Aརིམ་པའི་མཛེས་ལྗོངས་ཁུལ་ཁག་དང་པོར་གྱུར་ཡོད། 2019ལོར་འོམ་བུ་སྡེ་ཁུལ་དེ་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོར་བདམས་ནས་ཀྲུང་གོའི་སྐྱེ་ཁམས་པར་ལེན་ཁུལ་མཛེས་ཤོས་དང་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱ་ཡུལ་ཡག་ཤོས་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རྫོང་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་56ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་2.25ཙམ་བྱུང་སྟེ་རིག་གནས་དང་ཡུལ་སྐོར་ཐོན་ལས་དེ་ཉིད་རྫོང་ཁོངས་དཔལ་འབྱོར་གྱི་འཕར་གཞི་གསར་པར་གྱུར་ཡོད་པ་རེད། ད་ལོའི་དུས་ཚིགས་དང་པོར་ཉི་མ་རྫོང་གིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་བརྟན་པོ་འཕར་ནས་ཡུལ་སྐོར་བ་མི་ཐེངས་8266ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི་430.174ཟིན་ནས་མི་རེའི་ཆ་སྙོམས་འཛད་སྤྱོད་བྱེད་ཚད་སྒོར་520ཟིན་པ་དེ་དུས་མཚུངས་ལས་འཕར་ཚུལ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད།

    མིག་སྔར་དྭངས་ར་གཡུ་མཚོར་ཡུལ་སྐོར་བྱེད་པའི་རྨང་གཞིའི་ཆ་རྐྱེན་ངེས་ཅན་ཞིག་འཛོམས་ཡོད། དྭངས་ར་གཡུ་མཚོའི་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད། མཚོ་སྐོར་གྱི་མཛེས་ལྗོངས་སྟེགས་བུ་7དང་མཛེས་ལྗོངས་ཀྱི་སྒོ་ཆེན་3བསྐྲུན་པས། འོམ་བུ་སྡེ་ཁུལ་སོགས་ལྟེ་བའི་ས་ཁོངས་ཀྱི་ལེ་ལག་ཚང་བའི་སྒྲིག་བཀོད་རིམ་བཞིན་འཐུས་སྒོ་ཚང་དུ་སོང་ཡོད། དེ་དང་ཆབས་ཅིག་འོམ་བུ་སྡེ་ཁུལ་གྱིས་ཁྱིམ་ཚང་མགྲོན་ཁང་དང་དམངས་སྲོལ་གསོལ་མགྲོན་ཁང་32མང་དུ་བཏང་ནས་ཉལ་ཁྲི་1200ལྷག་ཙམ་མཁོ་འདོན་བྱས་པས་གཞི་ཁྱོན་ཅན་གྱི་སྣེ་ལེན་ནུས་པ་ལྡན་ནས་མང་ཚོགས་ལ་དམངས་སྲོལ་གནས་ཚང་སྐྲུན་པར་ཁྲིད་སྟོན་བྱས་པ་དང་རིག་གནས་དང་ཡུལ་སྐོར་གྱི་ཡོང་འབབ་ཐད་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད།

    “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། ཉི་མ་རྫོང་གིས་5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཞིབ་དཔྱད་གཏན་འཁེལ་གྱི་ཚད་གཞི་གཞིར་བཟུང་། རྨང་གཞིའི་སྒྲིག་བཀོད་དང་ཞབས་ཞུའི་ཞན་ཆ་སྔར་བས་བསབས་ནས་ཕྱོགས་གཅིག་ནས་དྭངས་ར་གཡུ་མཚོ་དང་ཞང་ཞུང་བར་མའི་གནའ་ཤུལ་སོགས་ལྟེ་བའི་ཐོན་ཁུངས་སྟོབས་ཆེར་བཏང་སྟེ། རིག་གནས་དང་ཡུལ་སྐོར་སྤུས་རྟགས་རྒྱུན་མཐུད་གསལ་པོ་བཟོ་བ་དང་། ཕྱོགས་གཞན་ཞིག་ནས“གནས་གཅིག་ཤུགས་འདོན”གྱི་བྱེད་སྟངས་ལ་འགྱུར་ལྡོག་བཏང་ནས་ཡུལ་སྐོར་དེ“གནས་གཅིག་ཡུལ་སྐོར”ནས་“ས་ཁོངས་ཧྲིལ་པོའི་ཡུལ་སྐོར”བར་དང་རིག་གནས་དེ“འགུལ་མེད་རྣམ་པའི་སྲུང་སྐྱོང”ནས“གསོན་ཉམས་རྒྱུན་འཛིན”བར་འགྱུར་ལྡོག་འགྲོ་བར་སྐུལ་འདེད་བཏང་ནས་ཡུལ་སྐོར་བ་དེ་བས་མང་བ་ཉི་མ་རྫོང་དང་། དྭངས་ར་གཡུ་མཚོར་ཡོང་བའི་ཡིད་དབང་འགུག་རྒྱུ་དང་ཆབས་ཅིག“ལོ་ལྔ་ཚན་བཅོ་ལྔ་པའི”དུས་མཇུག་ཏུ་དྭངས་ར་གཡུ་མཚོ་དེ་5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་འཛུགས་གཏོད་ཐུབ་པའི་བརྩོན་ལེན་བྱས་ཏེ་གནས་དེ་གར་བོད་དུ་ཤུགས་རྐྱེན་ཆེན་པོ་ལྡན་པའི་ས་མཐོའི་རིག་གནས་ཡུལ་སྐོར་བྱ་ཡུལ་ཞིག་བསྐྲུན་ནས་རིག་གནས་དང་ཡུལ་སྐོར་གྱི་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།