ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གིས་གཟི་བྱིན་བླ་མཚོའི་དར་ཁ་ཕྱེ་བའི་མཛད་སྒོ་འཚོགས་པ།
ཉེ་ཆར། “བོད་ཀྱི་འབྱུང་གནས། གསེར་མདོག་ཟངས་རི”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཟངས་རིའི་གཟི་བྱིན་བླ་མཚོའི་རིག་གནས་ཡུལ་སྐོར་སྤུས་རྟགས་འོས་སྦྱོར་དང་བླ་མཚོའི་དར་ཁ་ཕྱེ་བའི་མཛད་སྒོ་འཚོགས་པ་རེད། བྱེད་སྒོས་གཟི་བྱིན་བླ་མཚོ་འོས་སྦྱོར་བྱེད་པ་ནས་འགོ་བཙུགས་ཏེ། དམངས་སྲོལ་འགྲེམས་འཁྲབ་དང་། རིག་གནས་ཡུལ་སྐོར་མཉམ་འགུལ། རི་ཆུར་ལྟ་སྐོར་སོགས་ཉམས་ལེན་སྣ་ཚོགས་བྱ་རྒྱུ་རེས་མོས་ཀྱིས་སྤེལ་ཏེ་རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་ཡོང་བའི་ཡིད་དབང་བཀུག་ནས་བླ་མཚོའི་དར་ཁ་ཞིག་པའི་བརྗིད་ཉམས་ལ་མཉམ་དུ་བདེན་དཔང་བྱས་པ་རེད།
ཟླ་བ་ལྔ་པར་གཟི་བྱིན་བླ་མཚོའི་མཛེས་ལྗོངས་ཁུལ་དུ་དྲོད་འཇམ་རླུང་བུ་དལ་གྱིས་ལྡང་ནས་མཚོ་མོའི་དར་ཁ་རིམ་བཞིན་ཞིག་པར་བྱས། ཟངས་རི་རྫོང་གིས“བོད་ཀྱི་འཛམ་གླིང་རིམ་པའི་ནོར་ལྷའི་བླ་མཚོ་གཅིག་པུ”ལྟེ་བའི་IPལ་བྱས་ཏེ། གདོད་མའི་གླུ་གར་འཁྲབ་གཞུང་དང་། འཆར་ཡན་མཚོན་པའི་ལག་རྟགས། དར་སོ་ཆེ་བའི་གཞས་མ་གཏམ། ངོ་མཚར་ཆེ་བའི་བཀྲ་ཤིས་གཡང་ནོར“འབྲུག་ཆུང”བཅས་ཁག་བཞི་ཇུས་འགོད་ཞིབ་ཚགས་པོ་བྱས་ནས། ལྷོ་ཁ་གྲོང་ཁྱེར་གྱི་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་གོ་བདེ་ཞིང་དར་བཟོའི་རྣམ་པའི་ཐོག་ནས་ན་གཞོན་ཚོགས་སྤྱིར་ཁྱབ་གདལ་བཏང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཟངས་རི་རྫོང་གིས་ཐོག་མཐའ་བར་གསུམ་དུ་རིག་གནས་ཡུལ་སྐོར་ཐོན་ཁུངས་སྤུས་ལེགས་འཕེལ་རྒྱས་གཏོང་བ་དེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་དམ་འཛིན་བྱ་གཞིར་བརྩིས་ཏེ། དྭགས་པོའི་གྲོག་རོང་དང་འོལ་ཁ་ཆུ་ཚན་སོགས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་རིག་གནས་ཡུལ་སྐོར་ཐོན་ཁུངས“རྒྱལ་སྒྲོལ་བྱ་ཡུལ”ནས“དམིགས་སར”མགྱོགས་མྱུར་བསྒྱུར་བས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུར་སྐྱོད་ཐུབ་པ་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།