དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ལྷ་སར་དམངས་ཡོངས་དཔེ་ཀློག་གི་ཚ་རླབས་འཕྱུར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-13

    ལྷ་ས་གྲོང་ཁྱེར་དམའ་འབྲིང་གསུམ་པས་རྒྱུན་རྣམ་ཅན་གྱི་སྒོ་ནས་དཔེ་ཀློག་མྱོང་རོལ་བྱེད་སྒོ་སྤེལ་ཏེ་གཞོན་ནུ་ལོ་ཆུང་གིས་གསུང་རབ་ལྟ་ཀློག་བྱེད་པར་ཁྲིད་སྟོན་བྱས་ནས་རིག་དཔལ་དར་བའི་རྣམ་པ་ཟབ་མོ་བཏོད་པ།

    མལ་གྲོ་གུང་དཀར་རྫོང་ནན་ཅིང་ཚོད་ལྟའི་སློབ་ཆུང་གི་སློབ་མ་ཞིག་གིས་གསུང་རབ་ལྟ་ཀློག་བྱེད་བཞིན་པ།

    ཁྲེང་ཀོན་ཆུས་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྱིས་རི་མོའི་དཔེ་དེབ་ལྟ་ཀློག་གི་བྱེད་སྒོ་སྤེལ་བཞིན་པ།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་དམངས་ཡོངས་ཀྱི་ལྟ་ཀློག་གི་སྤུས་འབྲས་ལེགས་གཉེར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་གྱི་ཤེས་དཔལ་གྱི་གཞི་རྩ་བརྟན་དུ་བཏང་ནས་རིག་དཔལ་དར་བའི་ལྷ་སའི་རིག་གནས་ཀྱི་སྤུས་རྟགས་རྒྱུན་མཐུད་སྟོབས་ཆེར་བཏང་ཡོད། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་འདོམས་ཇུས་འགོད་དང་ཁུལ་ཡོངས་ལ་སྐུལ་འདེད་བཏང་སྟེ། གནས་མང་པོར་ལྟ་ཀློག་གི་ལག་ལེན་བྱེད་སྒོ་སྣ་མང་རབ་དང་རིམ་པ་སྤེལ་ནས་རིག་དཔལ་དར་བའི་རིག་རྒྱུན་གྱིས་གྲོང་ཁྱེར་གྱི་སྐྱེ་སྟོབས་འཕེལ་བ་དང་མང་ཚོགས་ཀྱི་སེམས་ཀྱི་ཞིང་ས་བརླན་ཡོད། སྤྱི་ཚོགས་ཡོངས་སུ་དཔེ་ཀློག་ལ་དགའ་ཞེན་བྱེད་པའི་རྣམ་པ་ཟབ་ཏུ་ཕྱིན་པ་དང་དམངས་ཡོངས་ཀྱི་དཔེ་ཀློག་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།