དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཚེས་11ཉིན་གྱི་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་གནས་ཚུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-13

    འབྲེལ་ཡོད་ནང་དོན་མཁྱེན་འདོད་ན་རྩ་གཉིས་ཨང་རྟགས་བཤེར་རོགས་གནང་།

    ཟླ་5ཚེས་11ཉིན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པས་རང་ལྗོངས་ལ་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་ཁག་གཉིས་པའི་ཐེར་འདོན་གྱོད་གཞི་18བསྒྲུབ་རྒྱུར་རྩིས་སྤྲད་པ་དང་། གྱོད་གཞི་18(དོ་ཁུར་ཆེན་པོ་བྱེད་པའི་གྱོད་གཞི་3)ཚང་མ་ཁ་པར་ནས་ཐེར་འདོན་བྱས་པ་ཤ་སྟག་རེད། ད་ཐེངས་ཐེར་འདོན་བྱས་པའི་གྱོད་གཞིའི་ནང་ལྷ་ས་གྲོང་ཁྱེར་ལ་11དང་། གཞིས་རྩེ་གྲོང་ཁྱེར་ལ་3 ཉིང་ཁྲི་གྲོང་ཁྱེར་ལ་2(དོ་ཁུར་ཆེན་པོ་བྱེད་པའི་གྱོད་གཞི་1) ཆབ་མདོ་གྲོང་ཁྱེར་ལ་1(དོ་ཁུར་ཆེན་པོ་བྱེད་པའི་གྱོད་གཞི་1) ནག་ཆུ་གྲོང་ཁྱེར་ལ་1(དོ་ཁུར་ཆེན་པོ་བྱེད་པའི་གྱོད་གཞི་1)བཅས་ཡོད་པ་རེད།

    ད་ཐེངས་ཀྱི་ཡིག་འབུལ་ཞུ་བཅར་ནང་སྐྱེ་ཁམས་ཁོར་ཡུག་ཐད་བཏོན་པའི་གནད་དོན་21ཡོད་པ་དང་། དེའི་ནང་སྐྱེ་ཁམས་གཏོར་བཤིག་གི་གནད་དོན་7དང་། ཆུའི་སྦགས་བཙོག་གི་གནད་དོན་4 འཛེར་སྒྲའི་གནད་དོན་4 རླུང་ཁམས་ཆེ་མོའི་སྦགས་བཙོག་གི་གནད་དོན་4 དེ་མིན་གྱི་སྦགས་བཙོག་གི་གནད་དོན་2བཅས་ཡོད་པ་རེད།

    དེ་ཉིན། གོང་གསལ་གྱི་ཡིག་འབུལ་ཞུ་བཅར་གྱི་གྱོད་གཞི་ཚང་མ་འབྲེལ་ཡོད་གྲོང་ཁྱེར་ལ་བསྒྲུབ་རྒྱུར་རྩིས་སྤྲད་པ་རེད།

    ཟུར་མཆན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པས་བོད་རང་སྐྱོང་ལྗོངས་ལ་བསྒྲུབ་རྒྱུར་རྩིས་སྤྲད་པའི་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་གྱོད་གཞིའི་བསྡོམས་རྩིས་རེའུ་མིག(ཁག་གཉིས་པ)

    ཡིག་འབུལ་ཞུ་བཅར་དང་ལེན་སྒྲུབ་སྐུལ་ཚོགས་ཆུང་ནས།

    2026ལོའི་ཟླ་5ཚེས་11ཉིན།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།