ཚེས་10ཉིན་གྱི་ཡིག་འབུལ་ཞུ་བཅར་དང་ཐེར་འདོན་གྱི་གནས་ཚུལ།
ཟླ་5ཚེས་10ཉིན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པས་བོད་རང་སྐྱོང་ལྗོངས་ལ་སྒྲུབ་སྐུལ་བྱ་རྒྱུར་རྩིས་སྤྲད་པའི་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་ཁག་དང་པོའི་ཐེར་འདོན་བྱས་པའི་གནས་ཚུལ་ཁག་2འབྱོར་བ་དེ་དག་ཁ་པར་ནས་ཐེར་འདོན་བྱས་པ་ཡིན་པ་དང་། གཅིག་ནི་ལྷ་ས་གྲོང་ཁྱེར་དང་གཞན་དེ་ཉིང་ཁྲི་གྲོང་ཁྱེར་དང་འབྲེལ་བ་ཡོད་པ་རེད།
ད་ཐེངས་སྒྲུབ་སྐུལ་བྱ་རྒྱུར་རྩིས་སྤྲད་པའི་ཡིག་འབུལ་ཞུ་བཅར་གྱི་གནས་ཚུལ་ལས་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་3ཡོད་པ་དང་། དེའི་ནང་རླུང་ཁམས་ཆེ་མོའི་སྦགས་བཙོག་གི་གནད་དོན་1དང་། འཛེར་སྒྲའི་གནད་དོན་1 ཟོག་སྙིགས་ཀྱི་གནད་དོན་1བཅས་ཡོད་པ་རེད།
དེ་ཉིན། གོང་གསལ་གྱི་ཡིག་འབུལ་ཞུ་བཅར་གྱི་གནད་དོན་ཚང་མ་འབྲེལ་ཡོད་གྲོང་ཁྱེར་ལ་སྒྲུབ་སྐུལ་བྱ་རྒྱུར་རྩིས་སྤྲད་པ་རེད། ཟུར་མཆན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པས་བོད་རང་སྐྱོང་ལྗོངས་ལ་སྒྲུབ་སྐུལ་བྱ་རྒྱུར་རྩིས་སྤྲད་པའི་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་གནད་དོན་གྱི་བསྡོམས་རྩིས་རེའུ་མིག(ཁག་དང་པོ)
ཡིག་འབུལ་ཞུ་བཅར་དང་ལེན་སྒྲུབ་སྐུལ་ཚོགས་ཆུང་ནས།
2026ལོའི་ཟླ་5ཚེས་10ཉིན།
འབྲེལ་ཡོད་ནང་དོན་མཁྱེན་འདོད་ན་རྩ་གཉིས་ཨང་རྟགས་བཤེར་རོགས་གནང་།

འབྲེལ་ཡོད་གསར་འགྱུར།