“ལྔ་གཅིག”གུང་གསེང་རིང་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་རིག་གནས་དང་ཡུལ་སྐོར་ཁྲོམ་ར་འཁྲུག་ཆ་དོད་པ།
2026ལོའི“ལྔ་གཅིག”གུང་གསེང་རིང་། གྲ་ནང་རྫོང་གི་རིག་གནས་དང་ཡུལ་སྐོར་ཁྲོམ་ར་ཧ་ཅང་འཁྲུག་ཆ་དོད་ཅིང་། རྫོང་ཡོངས་ཀྱིས“གླིང་ག་གཏོང་དགོས་ན། གྲ་ནང་དུ་ཕེབས”ཞེས་པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་དབྱིངས་ཞུགས་རྣམ་པ་དང་ཉམས་ལེན་རྣམ་པའི་ཁྱད་ལྡན་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། རིག་གནས་དང་ཡུལ་སྐོར་ཁྲོམ་རར་མི་འབོར་དང་འཛད་སྤྱོད་གཉིས་འཕར་གྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། “ལྔ་གཅིག”གུང་གསེང་རིང་། གྲ་ནང་རྫོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་5.48ལ་སྣེ་ལེན་ཞུས་པར་དུས་མཚུངས་ལས་157.89%འཕར་བ་དང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི་305.62ཟིན་ནས་དུས་མཚུངས་ལས་79.88%འཕར་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི“ལྔ་གཅིག”གུང་གསེང་རིང་། གྲ་ནང་རྫོང་གིས་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས་བྱེད་སྒོ་ཇུས་འགོད་དང་རྒྱུག་འབོར་གཞན་སྒྱུར་བྱེད་ཤུགས་ཆེ་རུ་བཏང་བས་རིག་གནས་རྒྱུན་འཛིན་དང་ཡུལ་སྐོར་འབབ་འཕར་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།