མལ་གྲོ་གུང་དཀར་རྫོང་གི་གྲོང་ཤར་སྐྱེ་ཁམས་མཛེས་ལྗོངས་ཁུལ་མགྱོཌ་མྱུར་སྐྲུན་བཞིན་པ།
མལ་གྲོ་གུང་དཀར་རྫོང་གི་གྲོང་ཤར་ཕྱོགས་བསྡུས་བཅོས་སྒྲིག་རྣམ་གྲངས་ཀྱི་སྔོ་འགྱུར་རིམ་སྤོར་འདུ་འགོད་དེ་ས་གནས་དེ་གའི་གཙོ་གནད་དམངས་འཚོའི་འདུ་འགོད་ཅིག་ཡིན་པའི་ངོས་ནས་མིག་སྔར་ཨར་སྐྲུན་གྱི་འགག་རྩའི་དུས་སུ་སླེབས་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་དམངས་ཕན་ཞབས་ཞུ་མཉམ་འདྲེས་ཀྱི་ས་མཐོའི་ཁྱད་ལྡན་མཛེས་ལྗོངས་ཁུལ་ཞིག་མགྱོགས་མྱུར་སྐྲུན་བཞིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི་1178.08བཏང་བ་དང་བཅོས་སྐྱོང་གི་རྒྱ་ཁྱོན་སྨི་ངོས་གྲུ་36137.83ཟིན་ཞིང་། གྲོང་ཁུལ་ཤར་རྒྱུད་ཀྱི་ཁོར་ཡུག་གི་སྤུས་འཕར་རིམ་སྤོར་ལ་དམིགས་པ་ནི་མལ་གྲོ་གུང་དཀར་རྫོང་གིས་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ་དང་གྲོང་ཁྱེར་གྱི་ལེ་ལག་ཚང་བའི་ནུས་པ་འཐུས་སྒོ་ཚང་དུ་གཏོང་བའི་གཙོ་གནད་ལས་གྲྭ་ཞིག་རེད། 2025ལོའི་ཟླ་8པར་ལས་འགོ་བཙུགས་ཚུན། ཨར་སྐྲུན་ཚན་པས་ལས་ཡུལ་གཙང་བཟོ་དང་རྨང་གཞིའི་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་པ་སོགས་ཀྱི་དུས་འགོའི་ལས་དོན་སྔོན་ལ་བསྒྲུབས་ཡོད། 2026ལོའི་ཟླ་བ་3པ་ཚུན་དུ། ཨར་ལས་ཀྱི་གཙོ་གནད་དེ་གཞུང་ལམ་རྒྱུད་དུ་ས་རྒྱོང་བ་དང་སྔོ་འགྱུར་རིམ་སྤོར་ལ་ཕྱོགས་ཡོངས་ནས་བསྒྱུར་ཏེ“རྙིང་སྲུང་གསར་འཛུགས་དང་སྔོ་གསབ་སྤུས་སྤོར”གྱི་རྩ་དོན་ཐོག་མཐའ་བར་གསུམ་དུ་བརྩི་སྲུང་བྱས་ནས་གྲོང་ཁུལ་ཤར་རྒྱུད་ཀྱི་སྔོ་འགྱུར་ཞན་ཆ་གནད་སྨིན་ངང་བསལ་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེ་ནི་སྔོ་འགྱུར་ལས་གྲྭ་ཁོ་ན་མིན་པར་སྐྱེ་ཁམས་འཛུགས་སྐྱོང་དང་དམངས་ཕན་ཞབས་ཞུ་མཉམ་འདྲེས་ནུས་ལྡན་བྱེད་པ་ཞིག་རེད། སྔོ་འགྱུར་རིམ་སྤོར་ཕུད། རྣམ་གྲངས་ལ་ད་དུང་ཆུ་བསིམ་སོ་ཕག་རྐང་ཐང་བགྲོད་ལམ་དང་། སྤྲོ་གསེང་ཐང་ཆེན། སྐྱེ་ཁམས་སྲུང་བཅད། དམངས་ཕན་སྤྲོ་གསེང་སྒྲིག་བཀོད་སོགས་ཞོར་གཏོགས་ལས་གྲྭ་དུས་གཅིག་ཏུ་བསྐྲུན་རྒྱུ་ཡིན་པས། གྲོང་ཤར་ལམ་དུམ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སུ་འགྲོ་རྒྱུ་མ་ཟད། མཐའ་འཁོར་གྱི་གྲོང་མིར་སྐྱིད་སྣང་དོད་ལ་སྟབས་བདེ་བའི་འགྲོ་སྐྱོད་དང་སྤྲོ་གསེང་གི་ཁོར་ཡུག་ཅིག་བཏོད་དེ་གྲོང་ཁྱེར་གྱི་ཕྱོགས་བསྡུས་བཅོས་སྒྲིག་གི་གྲུབ་འབྲས་ལས་དམངས་ལ་དངོས་འབྲེལ་ཕན་པ་ཐོབ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།