མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་དངུལ་བུན་གྱི་རྒྱབ་སྐྱོར་ལས་ལྷོ་རི་བྱང་རི་སྔོ་འགྱུར་ལ་རོགས་སྐྱོར་གནད་སྨིན་བྱས་པ།
ཉིན་ཤས་གོང་གསར་འགོད་པས་ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། དངུལ་ཁང་དེའི་མཛུབ་ཁྲིད་འོག ཀྲུང་གོ་བཟོ་ཚོང་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་དུས་ཡུན་ལོ་1དང་གཟིགས་སྐྱོང་སྐྱེད་ཚད་ཡིན་པའི“སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྗང་མདོག་ཀུན་ཕན་མཉམ་འདྲེས་མཁོ་སྤྲོད་འཁོར་འབྲེལ་གྱི་དངུལ་བུན”སྒོར་ཁྲི་180བཏང་སྟེ། ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭའི་སྟོད་རྒྱུད་ཀྱི་ཤིང་སོན་མཁོ་སྤྲོད་ཚོང་པར་རོགས་སྐྱོར་གནད་སྨིན་བྱས་ནས། ཕྲན་ཚེགས་ཁེ་ལས་ཀྱི“གཏའ་མ་འཇོག་རྒྱུ་མེད་པ་དང་མ་དངུལ་བསྡུ་སྒྲིལ་དཀའ་བའི”གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད།
ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། རྣམ་གྲངས་དེ་ལས་སྐྱེ་ཁམས་ཀྱི་ཕན་འབྲས་ཐོབ་ལ་ཀུན་ཕན་དངུལ་རྩའི་ཕན་འབྲས་ཀྱང་ཐོབ་ཅིང་། ཤིང་སོན་འདེབས་གསོ་སོགས་གཉེར་སྐྱོང་བྱེད་པོ་ཆུང་ངུར་རྒྱབ་སྐྱོར་བྱས་པ་བརྒྱུད། ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭ་ལག་བསྟར་ལ་རོགས་སྐྱོར་ཐད་ཀར་བྱས་ནས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་བཅད་ཁུལ་གྱི་རང་བྱུང་ནགས་རྩྭ་སླར་གསོ་བྱེད་པར་བསྐྱར་བཟོ་བྱེད་རུང་བའི་དངུལ་རྩའི་ཐག་གཅོད་ཇུས་གཞི་མཁོ་འདོན་བྱས་ཡོད་ལ། “ལྗང་མདོག་དང་ཀུན་ཕན”གཉིས་ལྡན་གྱི་དངུལ་རྩའི་ཞབས་ཞུའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཏེ། ཐོན་ལས་འཁོར་འབྲེལ་གྱི་སྟོད་རྒྱུད་ཕྲན་ཚེགས་ཁེ་ལས་མང་པོར་ཕན་པ་བཏགས་པ་དང་སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་གཏོང་གི་མཉམ་འགུལ་གྱི་རྣམ་པ་ཡག་པོ་ཞིག་ཀྱང་ཆགས་ཡོད།
འབྲེལ་ཡོད་གསར་འགྱུར།