“ཡིད་དབང་འཕྲོག་པའི་མཚོ་སྔོན། བདེ་སྐྱིད་ལྡན་པའི་བོད་ལྗོངས”ཞེས་པའི་ཁམ་བུའི་མེ་ཏོག་བཞད་དུས་ཀྱི་ཡུལ་སྐོར་ཆེད་གཏོང་མེ་འཁོར་གཏོང་འགོ་ཚུགས་པ།

འདི་ནི་ཡུལ་སྐོར་བས་རྡོག་ཐོན་འབབ་ཚུགས་ཀྱི་བརྗོད་དོན་གཙོ་བོའི་པར་རྒྱག་སར་དྲན་རྟེན་པར་རྒྱག་བཞིན་པ།
ཉེ་ཆར། མེ་འཁོར་གྱི་དུང་སྒྲ་གྲགས་པ་དང་བསྟུན་ནས“ཡིད་དབང་འཕྲོག་པའི་མཚོ་སྔོན། བདེ་སྐྱིད་ལྡན་པའི་བོད་ལྗོངས”ཞེས་པའི་ཁམ་བུའི་མེ་ཏོག་བཞད་དུས་ཀྱི་ཡུལ་སྐོར་གྱི་ཆེད་གཏོང་མེ་འཁོར་མཚོ་སྔོན་ཟི་ལིང་འབབ་ཚུགས་ནས་དལ་བུར་བོད་ཀྱི་ཕྱོགས་སུ་ཐོན་ཏེ་མཚོ་བོད་ས་གནས་གཉིས་པོའི་རིག་གནས་ཡུལ་སྐོར་ཐོན་ལས་མགྱོགས་མྱུར་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས་པ་རེད།
ད་ཐེངས་ཀྱི་ཆེད་གཏོང་མེ་འཁོར་དེ་བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་དང་མཉམ་དུ་ཇུས་འགོད་ཞིབ་ཚགས་བྱས་པ་ཞིག་ཡིན་ཞིང་། དེ་ནི་མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་ཀྱི་འཐབ་ཇུས་མཉམ་ལས་དོན་འཁྱོལ་དང་རིག་གནས་ཡུལ་སྐོར་དང་ལྕགས་ལམ་སྐྱེལ་འདྲེན་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བའི་འགག་རྩའི་བྱེད་ཐབས་ཤིག་རེད། ཆེད་གཏོང་མེ་འཁོར་དེས“མེ་འཁོར་ལ་བསྡད་དེ་ས་མཐོར་ཡུལ་སྐོར་བྱེད་པའི”རྣམ་པའི་ཐོག་ནས། ཡུལ་སྐོར་བ་ཚོར་འཛམ་གླིང་ཡང་རྩེར་སྐྱོད་པའི་འགྲུལ་བཞུད་ཁྲོད་ནས་མཚོ་བོད་ས་གནས་གཉིས་ཀྱི་དཔྱིད་ཀྱི་མཛེས་པ་དང་སྣ་མང་ཕུན་སུམ་ཚོགས་པའི་མི་ཆོས་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ཉམས་སུ་མྱོང་ཐུབ་པར་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།