དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • མངའ་རིས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གྲུབ་འབྲས་མངོན་གསལ་དོད་པ།

    མཁའ་རླུང་དང་ཆུའི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞི་ལོན་ཚད་100%ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-04-13

    ཉེ་ཆར། གསར་འགོད་པར་མངའ་རིས་ས་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ནས་ཤེས་རྟོགས་བྱུང་བར། 2025ལོ་དང་དེ་བཞིན“ལོ་ལྔ་ཚན་བཅུ་བཞི་པའི”རིང་། མངའ་རིས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་སུ་རྒྱུན་མཐུད་ཕྱིན་པ་དང་། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་སྐུལ་འདེད་བརྟན་པོ་བཏང་ཡོད་པ་རེད།

    2025ལོར། མངའ་རིས་ས་ཁུལ་གྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལས་དོན་རྒྱུན་མཐུད་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྤེལ་ཞིང་། འཛུགས་གཏོད་ཀྱི་དམིགས་ཚད་ཁག་38ནང་ནས་ཁག་13རང་སྐྱོང་ལྗོངས་ཀྱི་ཚད་གཞི་ལས་ལྷག་པ་བྱུང་བ་དང་། ཁག་16ཚད་གཞི་ལོན་པ་མ་ཟད། བྱང་ཐང་རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད་ཀྱི་འབྲེལ་ཡོད་ཆ་འཕྲིན་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ལ་ཕུལ་ཟིན་པ་རེད། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལ་ཤུགས་གནད་སྨིན་བརྒྱབ་ནས་ས་ཁུལ་ཡོངས་ཀྱི་མཁའ་རླུང་དང་ཆུའི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞི་ལོན་ཚད་100%ཟིན་པ་དང་། ས་རྒྱུའི་ཁོར་ཡུག་སྤྱིའི་ཆ་ནས་བརྟན་པོ་ཡོད་ཅིང་། སྒར་རྫོང་འདི་ཉིད་ཀྱང་རང་སྐྱོང་ལྗོངས་རིམ་པའི“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་གྱི་ཚོད་ལྟའི་རྫོང་གི་གྲས་སུ་ཚུད་པ་བཅས་རེད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་འཛུགས་གཏོད་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཅིང་། ལོ་5ཡི་རིང་མངའ་རིས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྔར་བས་བརྟན་དུ་ཕྱིན་པ་དང་། སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་གི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་ཁྲི་19.08ཟིན་པ། རིམ་ཁག་སྐྱེ་ཁམས་ཤེས་དཔལ་གྱི་དཔེ་སྟོན་རྫོང་དང་། ཤང་དང་གྲོང་རྡལ། གྲོང་ཚོ་དང་གྲོང་ལྷན་བཅས་འཛུགས་གཏོད་བྱེད་ཚད་70%ཙམ་ཟིན་པ། ཐཱན་འདུས་ཉོ་ཚོང་ཁྱབ་ཁོངས་གཅིག་ཀྱང་མེད་པའི་ཚད་བརྒལ་བྱུང་ཡོད། སྐྱེ་ཁམས་སླར་གསོའི་རྣམ་གྲངས་ཁག་12ལ་སྐུལ་འདེད་ཏན་ཏིག་བཏང་བར་ཁྱོན་མ་དངུལ་སྒོར་དུང་ཕྱུར་2.93ལྷག་ཙམ་ཟིན་པ་དང་། ས་ཁུལ་ཡོངས་ཀྱིས་སྐྱེ་ཁམས་ལས་གནས་13358བདམས་ནས་ཞིང་འབྲོག་མང་ཚོགས་ཚོར་སྐྱེ་ཁམས་ཀྱི་ཁེ་འབབ་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱས་ཡོད། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་རྣམ་པ་བཟང་བ་དང་། ཁོར་ཡུག་བཅོས་སྐྱོང་གི་ནུས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་པ། གཞི་རྒྱུ་གཙོ་བོ་མང་བའི་ལྟ་ཞིབ་ཚད་ལེན་མ་ལག་བསྐྲུན་པ། “ཆུ་དཔོན་མཚོ་དཔོན་དང་། ཅན་ཁྲ་ཀྲང་། ཉེན་རྟོག་དཔོན་བཅས་ཟུང་དུ་འབྲེལ་བའི”མཉམ་སྒྲུབ་ལམ་སྲོལ་བཙུགས་པ་བཅས་ལས། སྤྱི་ཚོགས་ཡོངས་ཀྱིས་མཉམ་བཅོས་མཉམ་སྤྱོད་བྱེད་པའི་ཁོར་ཡུག་སྲུང་སྐྱོང་གི་རྣམ་པ་ཞིག་ཆགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།