དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • དོ་དམ་སྲུང་སྐྱོང་བྱ་ཐབས་བཟང་། ཆུ་མོ་དྭངས་ཤིང་སྐྱེ་ཁམས་མཛེས།

    ——རང་ལྗོངས་ཀྱི་ཆུ་མཚོར་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དང་སྲུང་སྐྱོང་བྱེད་པའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-04-10

    “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་རང་ལྗོངས་ཀྱིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དམ་འཛིན་བྱ་གཞིར་བྱས་ཤིང་། ཆུ་མཚོར་དོ་དམ་དང་སྲུང་སྐྱོང་བྱ་རྒྱུ་དེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་གྱི་གྲས་ཤིག་ཏུ་བརྩིས་ནས། ས་མཐོའི་ཆུ་མཚོར་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དང་སྲུང་སྐྱོང་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། ཆུ་མཚོ་སྲུང་སྐྱོང་བྱ་ཐབས་ཁག་ལག་བསྟར་བྱས་པ་བརྒྱུད། ལྗོངས་ཡོངས་ཀྱི་ཆུ་ལམ་དུ་ཤྭ་བགྲོད་དེ་བས་ཐུབ་པ་དང་། ཆུ་མཚོའི་སྐྱེ་ཁམས་བར་མཐོངས་དེ་བས་ཆ་ཚང་དུ་ཕྱིན་པ། ཆུའི་སྤུས་ཚད་ཀྱི་ཚད་གཞི་ལོན་ཚད་100%ཟིན་པ། ཆུ་མོ་ཤང་ཤང་དུ་རྒྱུག་པ་དང་། ཆུ་བོ་དྭངས་ཞིང་གཙང་བ། མཚོ་ངོགས་སྔོ་ལྗང་ལྡན་པ། མཛེས་ལྗོངས་ལྟ་ན་སྡུག་པ། མི་རྣམས་འཆམ་ཞིང་མཐུན་པ་བཅས་ཀྱི་བདེ་ཐང་དང་། མཛེས་སྡུག བདེ་སྐྱིད་བཅས་ལྡན་པའི་ཆུ་མཚོ་རིམ་བཞིན་མངོན་པ། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་ཀ་དེ“མིང་ཡོད་འགན་ཡོད”ནས“ནུས་ཡོད་འབྲས་ཡོད”དུ་འགྱུར་ལྡོག་བྱུང་བ། ཆུ་མཚོ་དོ་དམ་དང་སྲུང་སྐྱོང་གི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། ཆུའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་སུ་རྒྱུན་མཐུད་ཕྱིན་ཡོད་པ་རེད།

    དམ་འཛིན་བྱ་གཞི་གང་ལེགས་སྤྱད་ནས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ། ——

    ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་མ་ལག་འཛུགས་སྐྱོང་བྱེད་ཟབ་ཏུ་བཏང་བ།

    “ཆུ་ལག་ཡོངས་སུ་སྦྲེལ་རྗེས་ལྷ་ས་སྐྱིད་ཆུ་ནས་མ་ཡུར་དཀྱིལ་མ་བརྒྱུད་གྲོང་ཁྱེར་དུ་ཆུ་འདྲེན་པ་དང་། དེ་རྗེས་གྲོང་ཁྱེར་ནས་ཡང་བསྐྱར་ལྷ་ས་སྐྱིད་ཆུར་བཞུར་གྱི་ཡོད”ཅེས་ལྷ་ས་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ཀྲེན་ཕིང་གིས་བརྗོད།

    ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་གྱི་ཆུ་རྒྱུད་ཉམས་གསོ་དང་སྐྱེ་ཁམས་བཅོས་སྐྱོང་རྣམ་གྲངས་ནི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི“ཆུའི་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པའི”བླང་བྱ་དེ་ལྷ་ས་གྲོང་ཁུལ་དུ་ལག་བསྟར་ཞིབ་ཕྲ་བྱས་པའི་མཚོན་ཚུལ་ཞིག་ཡིན་པ་དང་། མིག་སྔར་རྣམ་གྲངས་ལེགས་གྲུབ་ཟིན་ཡོད། རྣམ་གྲངས་དེས་ཆུ་ཡུར་རྒྱུད་ཀྱི་བཙོག་ཆུ་འབུད་ཁ་དང་འཁྱིལ་ཆུའི་ཆུ་ལམ་ཕྱོགས་ཡོངས་ནས་གཙང་སེལ་བྱས་ཏེ། ཕོ་བྲང་པོ་ཏ་ལའི་མཐའ་འཁོར་སོགས་ཀྱི་ཆུ་ལག་གལ་ཆེན་སྲུང་སྐྱོང་དང་སླར་གསོ་བྱས་པ་དང་། གྲོང་ཁྱེར་གྱི་ཆུ་ལམ(ཆུ་ལག)སྦྲེལ་མཐུད་བྱས་པ། ལྷ་ཀླུ་འདམ་ར་ལྟེ་བར་བྱས་པའི་གྲོང་ཁུལ་གྱི་འདམ་རར་གནོད་འཚེ་ཕོག་པའི་གནས་ཚུལ་ཞི་ལྷོད་དུ་བཏང་བ། ལྟེ་བའི་གྲོང་ཁུལ་གྱི་ས་འོག་ཆུའི་ཆུ་ཚད་དང་ཆུ་སྤུས་མཐོ་རུ་བཏང་བས་ལྟེ་བའི་གྲོང་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་གི་ཆུ་ཚད་དང་སྤུས་ཚད་མཐོ་རུ་ཕྱིན་ཡོད།

    རྣམ་གྲངས་དེ་ནི་རང་ལྗོངས་ཀྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུཌ་ཀྱི་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པའི་བསྡུས་རིས་ཤིག་རེད། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་རང་ལྗོངས་ཀྱིས་རིམ་ལྔའི་ཆུ་དཔོན་དང་མཚོ་དཔོན་གྱི་རྩ་འཛུགས་མ་ལག་ཕྱོགས་ཡོངས་ནས་བཙུགས་པ་དང་། ཏང་སྲིད་ཀྱིས་གཙོ་ཁྲིད་དང་། ཆུ་བེད་ཀྱིས་སྣེ་ཁྲིད། སྡེ་ཚན་གྱིས་མཐུན་སྦྱོར། སྤྱི་ཚོགས་ཀྱིས་མཉམ་སྐྱོང་བཅས་བྱེད་པའི་ཆུ་མཚོ་དོ་དམ་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་བཙུགས་པ། རང་སྐྱོང་ལྗོངས་ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོས་ཆུ་དཔོན་དང་མཚོ་དཔོན་གཉིས་ཀྱི་འགན་འཁུར་བ། ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་ཆུ་དཔོན་དང་མཚོ་དཔོན་གྱི་འགན་འཁུར་བ། ལྗོངས་ཡོངས་ཀྱི་ཆུ་དཔོན་དང་མཚོ་དཔོན་ཁྲི་1.47དང་ཆུའི་སྐྱེ་ཁམས་སྲུང་སྐྱོང་གི་ལས་གནས་ཁྲི་5.67གྱིས་འགན་འཁྲི་ཧུར་ཐག་བསྒྲུབས་པ། ཆུ་སྐོར་ལས་སྒྲུབ་དང་དཔྱད་ཞིབ་སྐུལ་ལྕག་སོགས་ཀྱི་ལམ་ལུགས་ཁག་20ལྷག་ཙམ་གཏན་འབེབས་བྱས་ཡོད།

    བདེ་ཐང་འགན་སྲུང་བྱས་ནས་དམངས་འཚོར་ཕན་པ་བཏགས་པ། ——

    ཆུ་མཚོའི་ཁོངས་རྒྱུད་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་བ།

    ཉིང་ཁྲི་གྲོང་ཁྱེར་ཅིང་ཡོན་ཆུ་དོན་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སིའི་བཙོག་ཆུ་གཙང་གསིང་བཟོ་གྲྭའི་ནང་ལས་དོན་པས་ལྟ་ཞིབ་ཚད་ལེན་སྒྲིག་ཆས་སྤྱད་དེ། ཉེ་འགྲམ་གྱི་ཆུ་མཚོ་ཁག་གི་ཆུའི་སྤུས་ཚད་ལ་ཞིབ་དཔྱད་ཚད་ལེན་བྱས་ནས་ཆུའི་སྤུས་ཚད་འགྱུར་ལྡོག་འགྲོ་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱེད་པ་དང་། བཙོག་ཆུ་གཙང་གསིང་འཁོར་ཁང་ནང་འཚོ་བའི་བཙོག་ཆུ་དབྱེ་འབྱེད་དང་། དྭངས་བསིང་། འཁྲོལ་འཚག དུག་སེལ་སོགས་གོ་རིམ་མང་པོ་བརྒྱུད་རྗེས་ཉང་ཆུ་གཙང་པོར་བཞུར་གྱི་ཡོད།

    ལྗོངས་ཡོངས་ནས་བལྟས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱིས་ཆུ་མཚོའི་རྒྱུད་ཁོངས་289ལ་སྲུང་སྐྱོང་དང་བེད་སྤྱོད་འཆར་གཞི་བཟོ་བའི་ལས་དོན་སྤེལ་ཞིང་། ཆུ་དཔོན་དང་མཚོ་དཔོན་དང་། ཞིབ་དཔྱོད་དཔོན། ཉེན་རྟོག་དཔོན་བཅས་ཟུང་དུ་འབྲེལ་བའི་མཉམ་ལས་ལམ་སྲོལ་ཕྱོགས་ཡོངས་ནས་བཙུགས་པ་དང་། “ཟང་ཟིང་བཞིའི”གནད་དོན་216རང་བཤེར་རང་བཅོས་བྱས་པ། རྒྱང་ཚོར་རི་མོའི་ཁྲ་ཐིག་གི་གནད་དོན་1800ཙམ་གཙང་བཤེར་བཅོས་སྒྲིག་བྱས་པ། ཆུ་བོ་དང་འབྲེལ་བའི་འཛུགས་སྐྲུན་རྣམ་གྲངས་ལ་བདག་སྤྲོད་ཞིབ་མཆན་ཆོག་འཐུས་ནན་པོ་འགོད་པ། ཤྭ་འོད་རྒྱུག་ལམ་ལ་འགོག་རྐྱེན་ཚབས་ཆེན་བཟོ་བ་དང་ཤྭ་འགོག་བདེ་འཇགས་དང་། ཆུ་ལམ་བརྟན་པོ། སྐྱེ་ཁམས་བདེ་འཇགས་བཅས་ལ་ཤུགས་རྐྱེན་ཐེབས་པའི་རྣམ་གྲངས་རིགས་ལ་ཆོག་འཐུས་མཐའ་གཅིག་ཏུ་མི་འགོད་པ། ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་བ། ཆོག་མཆན་སྤྲད་ཟིན་པའི་ཆུ་འབྲེལ་འཛུགས་སྐྲུན་རྣམ་གྲངས་ལ་ཆུ་ལོག་སྔོན་འགོག་དང་ཆུ་ལོག་བདེ་སྒྲོལ་གྱི་ཇུས་གཞི་དང་འགོག་སྲུང་བྱེད་ཐབས་དོན་འཁྱོལ་ལ་སྐུལ་འདེད་བཏང་བ། ཆུ་ལག་གཙོ་བོ་12དང་ཆུ་བོ་འབྲིང་ཆུང་137བཅོས་སྐྱོང་བྱས་པ། གཙང་པོ་དང་ཆུ་བོའི་ཆུ་རགས་ཚད་གཞི་དང་མཐུན་ཚད་89%བར་མཐོ་རུ་ཕྱིན་པ་བཅས་ལས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཕུགས་ཕན་དོན་གཉེར་བྱས་པ། ——

    ཆུ་མཚོ་དོ་དམ་སྲུང་སྐྱོང་གི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་བ།

    མིག་སྔར་མངའ་རིས་ས་ཁུལ་གྱི་གྲོང་ཁུལ་དུ་བདེ་སྐྱིད་ཆུ་མཚོ་འཛུགས་སྐྲུན་ཟིན་པ་དང་འབྲེལ་ཆུ་བེད་པུའི་ཞིབ་བཤེར་རྩིས་ལེན་ཡང་ཐོབ་ཡོད། “ང་ཚོས་བདེ་སྐྱིད་ཆུ་མཚོ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་དུ‘སྲུང་སྐྱོང’གི་སྲོག་ཤིང་ལ་དམ་པོར་དམིགས་པ་དང་། ‘མི་དམངས’ཞེས་པའི་ངོ་བོ་མངོན་གསལ་དོད་དུ་གཏོང་བ། ‘རིག་གནས’ཀྱི་ནང་དོན་མཉམ་འདྲེས། ‘བརྒྱུད་རིམ’ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས་བཅས་ལ་མཐོང་ཆེན་བྱས་པ་ཡིན”ཞེས་རང་སྐྱོང་ལྗོངས་ཆུ་བེད་ཐིང་ཆུའི་ཐོན་ཁུངས་དོ་དམ་དང་ཆུའི་སྐྱེ་ཁམས་འཛུགས་སྐྲུན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཀྲང་ཡུས་ཀྱིས་བརྗོད།

    བཅོས་སྐྱོང་བྱས་པ་བརྒྱུད་མཛེས་ཉམས་བསྐྱར་དུ་མངོན་པའི་ཆུ་མཚོའི་གྱོད་དཔེ་ད་དུང་མང་པོ་ཡོད་ཅིང་། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་རང་ལྗོངས་ཀྱིས་ཡར་ཀླུང་གཙང་པོ་དང་འབྲི་ཆུ་སོཌ་ཆུ་མཚོ་630ཡི་དོ་དམ་ཁྱབ་ཁོངས་དབྱེ་འབྱེད་ལས་དོན་སྤེལ་བ་དང་། ལྗོངས་ཡོངས་ཀྱི་ཆུ་མཚོ་གཙང་གསུམ་གྱི་རྒྱུད་ཁོངས་སྲུང་སྐྱོང་ཁུལ་དང་ཉར་འཇོག་ཁུལ་གྱི་བསྡུར་ཚད་སྤྱིའི་ཆ་ནས་80%ཡན་ཟིན་པ། “ཆུ་གཅིག(མཚོ)རིམ་གཅིག”འཐུས་སྒོ་ཚང་དུ་བཏང་ནས། “ཆུ་གཅིག(མཚོ)ཇུས་གཅིག”1179ལ་བཟོ་བཅོས་བརྒྱབ་པ། ཆུ་མཚོ་269ཡི་གདེང་འཇོག་ལས་དོན་ལེགས་གྲུབ་ཟིན་པ། མངའ་རིས་ཀྱི་གྲོང་ཆུ་དང་། ནག་ཆུའི་ལྷ་རི་ཆུ། ཆབ་མདོའི་སྒྲོལ་མ་བླ་མཚོ་བཅས་ཆུ་བེད་པུའི་བདེ་སྐྱིད་ཆུ་མཚོ་འཛུགས་སྐྲུན་རྣམ་གྲངས་ནང་བདམས་ཤིང་། རིམ་རྩིས་བརྒྱབ་ན། ལྗོངས་ཡོངས་སུ་རང་སྐྱོང་ལྗོངས་རིམ་པའི་བདེ་སྐྱིད་ཆུ་མཚོ་119དང་གྲོང་ཁྱེར་རིམ་པའི་བདེ་སྐྱིད་ཆུ་མཚོ་153བསྐྲུན་པ། 《〈ཆུ་གྲོན་ཆུང་སྐོར་གྱི་སྲོལ་ཡིག〉དོན་འཁྱོལ་བྱས་ནས་ཆུའི་ཐོན་ཁུངས་ཀྱི་བཙན་ཐབས་རང་བཞིན་གྱི་ཚོད་འཛིན་ལམ་ལུགས་ལག་ལེན་བསྟར་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཞིབ་ཕྲའི་བྱེད་ཐབས》པར་འགྲེམས་བྱས་པ། ལྗོངས་ཡོངས་ཀྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཆ་འཕྲིན་ཅན་གྱི་ལས་སྟེཌ་བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།