དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • གཞིས་རྩེ་གྲོང་ཁྱེར་གྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-04-10

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་བཅོས་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ཏན་ཏིག་སྤེལ་བ་དང་། སྐྱེ་ཁམས་སླར་གསོའི་འདུ་འགོད་ནུས་ཤུཌ་ཡོད་རྒུས་ལག་ལེན་བསྟར་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇཌ་སྲུང་བཅད་བརྟན་དུ་བཏང་བས། ལས་དོན་ཁག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

    གཞིས་རྩེ་གྲོང་ཁྱེར་གྱིས་གཙོ་གནད་ས་ཁོངས་ཀྱི་ནགས་བཟོ་དང་། “གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ནགས་བཟོ། བྱེ་འགོག་བྱེ་བཅོས། མི་ཐབས་ནགས་འདེབས་སོགས་ཀྱི་ནགས་བཟོའི་ལས་འགན་སྣ་ཚོགས་ལ་དམིགས་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་རིམ་རྩིས་བརྒྱབ་ན་ནགས་བཟོ་མུའུ་ཁྲི་155.6བྱས་པ་དང་མ་དངུལ་སྒོར་ཁྲི་158364.4དོན་འཁྱོལ་བྱས་པ་དེ་དག་རྫོང་དང་ཆུས་18ལ་ཁྱབ་པ་དང་། མི་ཐབས་ནགས་བཟོའི་རྒྱ་ཁྱོན་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད་པ་རེད།

    སྔོ་འགྱུར་ལས་དོན་དོན་འཁྱོལ་ལག་བསྟར་ལ་འགན་ལེན་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས་ཚན་རིག་དང་མཐུན་པའི་འཆར་འགོད་དང་སྤྱི་འདོམས་ཀྱིས་སྐུལ་འདེད་བཏང་བ་དང་། གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་གཙོ་གནད་རྫོང་དང་ཆུས་སུ་བརྟག་ཞིབ་ཐེངས་མང་བྱས་ཏེ། “གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་དང་། རྒྱལ་ལམ། ལྷ་གཞིས་ལྕགས་ལམ། རིམ་མཐོའི་གཞུང་ལམ་བཅས་ཀྱི་ལམ་རྒྱུད་སོགས་འགག་རྩའི་ས་ཁོངས་ལ་དམིགས་ནས་བསམ་ཕྱོགས་གསར་པ་དང་ལས་འགན་གསར་པ་ཁ་གསལ་བཟོས་པ་རེད།

    གཞན་ཡང་། གཞིས་རྩེ་གྲོང་ཁྱེར་གྱིས་སྐྱེ་ཁམས་སྔོ་འགྱུར་དང་དམངས་འཚོ་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྔོ་འགྱུར་འདུ་འགོད་དང་སྐྱེ་ཁམས་ལས་གནས་ཟུང་འབྲེལ་བྱས་ཏེ། མང་ཚོགས་ཐག་ཉེ་སར་ལས་ཞུགས་ཐུབ་པ་དང་སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་གསོག་པར་རམ་འདེགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།