མཛོ་སྒང་རྫོང་གི་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།
ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་གི་རིམ་ཁག་སྡེ་ཚན་ཁག་གིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཧུར་ཐག་ལག་བསྟར་བྱས་པ་་དང་། ནགས་དཔོན་ལམ་ལུགས་ཀྱི་ལས་དོན་དམ་འཛིན་བྱ་གཞིར་མཐའ་འཁྱོངས་བྱས་པས། ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོན་ནས། རྫོང་ཁོངས་ཀྱི་སྐྱེ་ཁམས་ཤེས་དཔལ་སྲོལ་གཏོད་ལ་རྨང་གཞི་བརྟན་པོ་བཏིངས་ཡོད།
རྒྱལ་ཁབ་ས་ཆ་སྔོ་འགྱུར་ནགས་བཟོའི་ལས་འགན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ་དང་། སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་ལག་ལེན་ཤུགས་ཆེན་བསྟར་ཞིང་། མ་དངུལ་སྒོར་ཁྲི་189.73བཏང་ནས་བྱེ་འགོག་བྱེ་བཅོས་རྣམ་གྲངས་ཁག་2ལག་ལེན་བསྟར་ཏེ་བཅོས་སྐྱོང་རྒྱ་ཁྱོན་མུའུ་310.5ལེགས་སྒྲུབ་བྱས་པ་དང་། མ་དངུལ་སྒོར་ཁྲི་1925བཏང་ནས་རྩྭ་ཐང་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་རྣམ་གྲངས་1ལག་ལེན་བསྟར་ཏེ་བཅོས་སྐྱོང་རྒྱ་ཁྱོན་མུའུ་ཁྲི་5.5ལེགས་སྒྲུབ་བྱས་པ། མ་དངུལ་སྒོར་ཁྲི་700བཏང་ནས་རི་རྒྱ་ནགས་གསོའི་རྣམ་གྲངས་ཁག་3ལག་ལེན་བསྟར་ཏེ། རི་རྒྱ་ནགས་གསོ་མུའུ་ཁྲི་7ལེགས་སྒྲུབ་བྱས་པ། མ་དངུལ་སྒོར་ཁྲི་4743.82བཏང་ནས་འོས་འགན་ཤིང་འཛུགས་དང་དཔལ་འབྱོར་ནགས་ཚལ་གྱི་སྤུས་འབྲས་ལེགས་གཉེར་སོགས་ནགས་བཟོ་སྔོ་འགྱུར་རྣམ་གྲངས་10ལག་ལེན་བསྟར་ཏེ། ནགས་བཟོ་རྒྱ་ཁྱོན་མུའུ་7200ལྷག་ཙམ་ལེགས་སྒྲུབ་བྱས་པས། ནགས་ཚལ་ཁྱབ་རྒྱ་མུ་མཐུད་ཆེ་རུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།