དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • རང་ལྗོངས་ཀྱིས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་འཛུགས་སྐྲུན་དོ་དམ་ལས་དོན་ལ་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-04-10

    གསར་འགོད་པར་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། རང་ལྗོངས་ཀྱིས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་འཛུགས་སྐྲུན་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་པའི་ཐད་བཀོད་སྒྲིག་བྱས་ཏེ། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་ཐེབས་པ་དང་ཕན་འབྲས་གང་ལེགས་ཐོན་པའི་འགན་ལེན་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་རྣམ་གྲངས་དོ་དམ་གྱི་ནུས་ཕྱོད་ཐོན་དཀའ་བ་དང་། ཨར་ལས་ཀྱི་མྱུར་ཚད་འགོར་བ། རྒྱུ་རྐྱེན་གཙོ་བོའི་འགན་ལེན་ཉམས་ཞན་སོགས་ཀྱི་གནད་དོན་ལ་དམིགས་ནས། རང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་འཁོར་འབྲེལ་ཧྲིལ་པོར་ལྟ་འདོམས་ལག་བསྟར་བྱས་ནས། རྣམ་གྲངས་ཀྱི་དུས་འགོར་རིགས་པས་ཁུངས་སྐྱེལ་དང་། དུས་དཀྱིལ་ལ་ལྟ་སྐུལ་མཛུབ་ཁྲིད། དུས་མཇུག་ཏུ་གཉེར་སྐྱོང་བཅས་ལ་ཁྱབ་པར་བྱས་ཡོད། དེ་དང་ཆབས་ཅིག་དོ་དམ་བྱེད་སྟངས་གསར་གཏོད་དང་རྣམ་གྲངས་འགན་གཙང་ལམ་སྲོལ་ཁྱབ་སྤེལ་བཏང་ནས། ས་གནས་ཁག་ལ་ཞིབ་ཕྲའི་འཛུགས་སྐྲུན་ཇུས་གཞི་གཏན་འབེབས་དང་དུས་ཚོད་ཀྱི་མཚམས་ཚིགས་དང་ཚད་འབེབས་དམིགས་ཚད་གཏན་འཁེལ་བྱེད་དགོས་པ་མ་ཟད། ཟླ་རེར་ས་ཡུལ་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་དང་འཕེལ་རིམ་སྙན་སེང་ཞུ་དགོས་པའི་བླང་བྱ་ཡང་བཏོན་པ་རེད། གཞན་ཡང་མཉམ་འགུལ་དོ་དམ་ལ་སྐུལ་འདེད་བཏང་ནས་ཡུལ་སྐོར་གྱི་གྲགས་ཅན་རྫོང་དང་། མཛེས་ལྗོངས་ཁུལ་རྩེ་གྲ ལམ་ཐིག་རྩེ་གྲ ཡུལ་སྐོར་སྟོབས་ཆེའི་གྲོང་ཚོ་བཅས་འཛུགས་སྐྲུན་དང་རྣམ་གྲངས་ཟུང་འབྲེལ་བྱས་ཏེ་G219ལམ་རྒྱུད་ཀྱི་བགྲོད་ལམ་ཆེ་མོ་དང་། ཐང་བོད་གནའ་ལམ། ཇ་རྟའི་གནའ་ལམ་བཅས་རིག་གནས་ཡུལ་སྐོར་བར་ཁྱམས་གསུམ་གཙོ་གནད་དུ་བྱས་ནས“རིག་གནས་ཡུལ་སྐོར་+”དང“+རིག་གནས་ཡུལ་སྐོར”མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད། འཕེལ་རྒྱས་འགྲོ་འགོར་བའི་རྣམ་གྲངས་ལ་དུས་ཐོག་ཏུ་སྔོན་ཚུད་ནས་ཉེན་བརྡ་གཏོང་བ་དང་བབ་བསྟུན་ལེགས་སྒྲིག་བྱེད་པ་དང་འབྲེལ། ཁོར་ཡུག་སྲུང་སྐྱོང་དང་བདེ་འཇགས་ཐོན་སྐྱེད་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་རིག་གནས་དང་ཡུལ་སྐོར་རྣམ་གྲངས་ཀྱི་མ་འཇོག་ཕན་འབྲས་ཆེ་ཤོས་ཐོན་པའི་འགན་ལེན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།