ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་འགོ་ཚུགས་པ།

འདི་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་གནམ་ལྕགས་འབར་བའི་གཤམ་གྱི་ཡར་ཀླུང་གཙང་པོ་གྲོག་རོང་ཆེ་མོ་ནས་པར་བརྒྱབ་པའི་ཁམ་བུའི་མེ་ཏོག་གི་མཛེས་ལྗོངས་ཡིན་པ།

འདི་ནི་བོད་ལྗོངས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གསུམ་པའི་ཚོང་འདུས་གཉེར་ཡུལ་ཡིན་པ།
ཟླ་4ཚེས་3ཉིན། བོད་ལྗོངས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གསུམ་པ་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་སྤྱི་གླིང་དུ་འགོ་ཚུགས་པ་དང་། སྐབས་འདིའི་ཁམ་བུའི་མེ་ཏོག་དུས་ཆེན་ཐོག་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་དང་། ཀོག་ཧྥེ་འཐུང་བ། ཞིང་ལས་ཐོན་རྫས་འགྲེམས་ཚོང་སོགས་རིག་གནས་ཡུལ་སྐོར་བྱེད་སྒོ་ཁག་20ལྷག་ཙམ་བཀོད་སྒྲིག་བྱས་ཡོད། ལོ་མང་འཕེལ་རྒྱས་བཏང་བ་བརྒྱུད་བོད་ལྗོངས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་དེ་ས་གནས་དེ་གའི“དཔྱིད་དུས་ཀྱི་དཔལ་འབྱོར”ལ་སྐུལ་ཁྲིད་བྱེད་པའི་སྤུས་རྟགས་ཀྱི་བྱེད་སྒོ་གལ་ཆེན་ཞིག་ཏུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།