ཟངས་རི་རྫོང་གི་རིག་གནས་ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་འཁྲུག་ཏུ་ཕྱིན་པ།
ཉེ་ཆར། ཟངས་རི་རྫོང་གི་2026ལོའི་ཡུལ་སྐོར་གཙང་བླས་གནམ་གྲུ་ཁག་དང་པོ་བརྟན་པོའི་ངང་བབས་ནས་ཡུལ་སྐོར་བ་400འབྱོར་བ་དེ་ཐོག་ནས་ཟངས་རི་རྫོང་གི་དཔྱིད་དུས་ཡུལ་སྐོར་དངོས་སུ་འགོ་ཚུགས་པ་མཚོན་པ་མ་ཟད། ལོ་ཧྲིལ་པོའི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་གཙང་བླས་གནམ་གྲུའི་ནང་ཡོད་པའི་ཡུལ་སྐོར་བས་ཟངས་རི་རྫོང་གི་ལྟེ་བའི་མཛེས་ལྗོངས་ཁུལ་ཆེན་པོ་གསུམ་ལ་ལྟ་སྐོར་བྱས་ནས་ས་མཐོའི་ཡུལ་ལྗོངས་དང་མི་ཆོས་རིག་གནས་ཀྱི་གོམས་སྲོལ་ཉམས་ལེན་བྱ་རྒྱུ་རེད། ཉིན་རེའི་ལས་རིམ་གྱི་བཀོད་སྒྲིག་གཞིར་བཟུང་། ཡུལ་སྐོར་བ་ཚོས་གཟི་བྱིན་བླ་མཚོ་ནས་གངས་རིའི་མཛེས་ལྗོངས་ཉམས་སུ་མྱོང་བ་དང་། ཁྱད་ལྡན་རིག་གནས་ཉམས་ལེན་བྱེད་པ། འོལ་ཁ་ཆུ་ཚན་ནས་ས་མཐོའི་ས་འོག་ཚ་ནུས་བདེ་ཐང་གི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་བྱེད་པ། གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་ལ་ལྟ་བ། བོད་རིགས་ཀྱི་དམངས་སྲོལ་ཉམས་ལེན་བྱེད་པ། ཕག་གྲུ་ཨ་རག་གཞིས་ཀར་བསྐྱོད་དེ་ས་མཐོའི་རྒུན་ཆང་ཐོན་ལས་ཀྱི་ཉམས་འགྱུར་ཉམས་ལེན་བཅས་བྱས་ཏེ། ཕྱོགས་ཡོངས་ནས“བླ་མཚོ་སྐོར་བ་དང་། ཆུ་ཚན་རྒྱག་པ། རྒུན་ཆང་གི་བྲོ་བ་མྱོང་བ”བཅས་ཀྱི་རྩེར་སོན་ཡུལ་སྐོར་རྣམ་གྲངས་ཉམས་ལེན་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།