ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱིས་སྐྱེ་ཁམས་ཁོར་ཡུག་གི“འགོག་སྲུང་དྲ་བ”བསྐྲུན་པ།
ཉེ་ཆར། ནག་ཆུ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་གསེར་རྙེད་ཆུས་ཡན་ལག་ཅུས་ཀྱིས་ལག་རྩལ་ཚན་པ་དང་མཉམ་དུ་ཆེད་དོན་ཞིབ་བཤེར་ཚོགས་ཆུང་བཙུགས་ནས། ཁོངས་གཏོགས་ཁུལ་གྱི་འཚོ་བའི་གད་སྙིགས་སྦས་ས་དང་། སྨན་བཅོས་སྙིགས་རོ་དབྱེ་སེལ་ལྟེ་གནས། ཨར་པོའི་གད་སྙིགས་དབྱེ་སེལ་བཟོ་གྲྭ་སོགས་གཙོ་གནད་ཚན་པར་ཆེད་དོན་ཞིབ་བཤེར་དང་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བྱས་པ་རེད།
ད་ཐེངས་ཀྱི་ཞིབ་བཤེར་ལ“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱེད་ཐབས་སྤྱད་དེ“ས་ཡུལ་དངོས་སུ་ཞིབ་བཤེར་དང་། ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བ། རྩིས་ཁྲར་ཞིབ་བཤེར། ཁྲིམས་ལུགས་ཁྱབ་གདལ་སྒྲོག་འགྲེལ”བཅས་ཕྱོགས་མང་གཞི་གཅིག་མཐའ་འཁྱོངས་བྱས་ཡོད། ཁྲིམས་སྒྱུར་མི་སྣས་སྦགས་བཙོག་འགོག་བཅོས་ཀྱི་སྒྲིག་བཀོད་འཁོར་སྐྱོད་དང་། ཆུ་སིམ་དྭངས་འཚག ཆུ་སིམ་འགོག་ཐབས་དོན་འཁྱོལ་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་གཙོ་གནད་ཐོག་ལྟ་ཞིབ་བྱས་ཏེ། ཉེན་ཡོད་ཟོག་རོའི་དོ་དམ་འཆར་གཞི་དང་། སྤོ་སྒྱུར་ཐོ་ཡིག འཕྲལ་སྡོམ་སྔོན་ཇུས་སོགས་ཀྱི་དཔྱད་ཡིག་ལ་ཞིབ་བཤེར་ནན་པོ་བྱས་ཡོད། ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ནས་ཞིབ་བཤེར་ཚོགས་ཆུང་གིས་ས་ཡུལ་དངོས་སུ་གནད་དོན་དང་། འགན་འཁྲི། བཅོས་སྒྲིག་བཅས“གསལ་ཐོ་གསུམ” བཟོས་ཏེ་བཅོས་སྒྲིག་གི་དུས་བཀག་དང་ཚད་གཞི་ཁ་གསལ་བཟོས་པ་མ་ཟད། བཀག་སྡོམ་དོ་དམ་ལག་བསྟར་བྱས་ནས་མངོན་མེད་རྐྱེན་ངན་བཅོས་སྒྲིག་གནད་འཁེལ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།