བོད་ཀྱི་སྐྱེ་ཁམས་བརྗོད་བྱར་བྱས་པའི་དངོས་མཚོན་གློག་བརྙན་2026ལོའི་ལོན་ཏོན་བརྙན་འཕྲིན་དུས་ཆེན་ལ་བསྟན་པ།
ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་2026ལོའི་ལོན་ཏོན་བརྙན་འཕྲིན་དུས་ཆེན(MIP London)རིང་། “ཅང་ཤེས་རྟ་ཕོས་བདེ་སྐྱིད་མཚོན། དབྱིན་ཇིའི་ལོན་ཏོན་དུ་དཔྱིད་དཔལ་བཞད”ཅེས་པའི་ཀྲུང་གོའི་ལྟ་ཉན་ལེ་ཚན་འོས་སྦྱོར་ཚོགས་འདུ་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་པ་རེད།
འགྲེམས་སྟོན་ལ་ཞུགས་པའི་བརྩམས་ཆོས་མང་པོའི་ཁྲོད་བོད་ཀྱི་སྐྱེ་ཁམས་བརྗོད་བྱར་བྱས་པའི《ངོ་མཚར་ཆེ་བའི་སྲོག་ཆགས་བོད་དུ་ཡོད(སྟོན་ཐེངས་དང་པོ)》དང《ཡར་ཀླུང་གཙང་པོའི་ངོགས་སུ་ཤྭ་བ་ཡོད》ཅེས་པའི་དངོས་མཚོན་གློག་བརྙན་གཉིས་ལ་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད། བརྩམས་ཆོས་དེ་གཉིས་ནི་དངོས་མཚོན་གློག་བརྙན“ཧི་མ་ལ་ཡའི་རི་དྭགས་ཀྱི་གྲོགས་པོ”ཚོགས་པས་སྒྲིག་བཟོ་བྱས་པ་དང་། མངོན་སུམ་དང་ཞིབ་ཚགས་པའི་བརྙན་པར་ཟིན་ཐོར་བཀོད་ནས་གཙོད་དང་། ཤྭ་བ་མཆུ་དཀར། ཁྲུང་ཁྲུང་སྐེ་ནག་སོགས་ས་མཐོའི་རྩ་ཆེ་ཞིང་དཀོན་པའི་སྲོག་ཆགས་རིགས་ཀྱི་འཚོ་གནས་གནས་ཚུལ་སྣ་ཚོགས་གསོན་ཉམས་དོད་པོས་མཚོན་པར་བྱས་པ་མ་ཟད། ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་སྐྱེ་ཁམས་སླར་གསོའི་གྲུབ་འབྲས་མངོན་གསལ་དོད་པོ་མཚོན་པར་བྱས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཀྲུང་གོའི་སྐྱེ་ཁམས་ཀྱི་འདུ་ཤེས་བརྒྱུད་བསྒྲགས་བྱས་ཏེ། གོ་ལ་ཧྲིལ་པོའི་ལྟད་མོ་བས་བརྙན་ཤེལ་བརྒྱུད“འཛམ་གླིང་ཡང་རྩེའི”ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཀྱི་མཛེས་པ་ཉམས་སུ་མྱངས་ནས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཐད་ཀྱི་བོད་ཀྱི་ལག་ལེན་ཏན་ཏིག་དང་གཡུར་ཟའི་གྲུབ་འབྲས་ལ་ཤེས་རྟོགས་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།