“ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱིས་ཞན་འགྱུར་རྩྭ་ཐང་མུའུ་ཁྲི་3035སླར་གསོ་བྱས་པ།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱིས་ཞན་འགྱུར་རྩྭ་ཐང་མུའུ་ཁྲི་3035སླར་གསོ་བྱས་པ་ལས་རྩྭ་ཐང་གི་རྒྱ་ཁྱོན་མུའུ་དུང་ཕྱུར་12.01ཏུ་བརྟན་པོར་གནས་ཐུབ་ནས་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་50%བར་མཐོ་རུ་ཕྱིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱིས་ཐོག་མཐའ་བར་གསུམ་དུ“རང་བྱུང་སླར་གསོ་གཙོ་བོ་དང་མི་ཐབས་སླར་གསོ་འདེགས་སྐྱོར་དུ་བྱེད་པ”མཐའ་འཁྱོངས་ཀྱིས་ཞན་འགྱུར་རྩྭ་ཐང་གི་སྐྱེ་ཁམས་སླར་གསོའི་རྣམ་གྲངས་ལག་ལེན་ཧུར་ཐག་བསྟར་བ་དང་། མཚོ་སྔོན་སོགས་ཞིང་ཆེན་གྱི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། རྨོ་བསྐྱུར་གསབ་འདེབས་དང་། ར་བསྐོར་འགོག་གསོ། རྩྭ་ངན་གྱི་གནོད་འཚེ་འགོག་བཅོས། རྩྭ་འདེབས། རྩྭ་ཐང་ལེགས་བཅོས། གནམ་བཤོས་རྩྭ་འདེབས་སོགས་ཀྱི་བྱེད་ཐབས་སྤྱད་པས་རྩྭ་ཐང་གི་སྐྱེ་ཁམས་རིམ་བཞིན་སླར་གསོ་བྱུང་ཡོད།
གཞན་ཡང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱི་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་816.93བར་ཆེ་རུ་ཕྱིན་པ་དང་ཞན་འགྱུར་འདམ་ར་མུའུ་ཁྲི་150ལ་སྲུང་སྐྱོང་དང་ཉམས་གསོ་བྱས་ཡོད། བྱེ་འགྱུར་ས་ཆ་སྤྱི་ཆིང་ཁྲི་2096.12ལ་བརྟན་པོར་གནས་པ་དང་བྱེ་འགྱུར་ས་ཆ་མུའུ་ཁྲི་420ལ་བཅོས་སྐྱོང་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།