བྲག་ཡིབ་ཆུས་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་2025ལོའི་ནགས་ཚལ་རྩྭ་ཐང་ཐོན་ཁུངས་སྲུང་སྐྱོང་གི་ཐེར་འདོན་བྱ་དགའ་སྤྲད་པ།
ཉེ་ཆར། བྲག་ཡིབ་ཆུས་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་མེ་ཟོན་སྔོན་འགོག་གི་དུས་ཚིགས་ཤར་ཚུན་ཁུངས་སྣེ་མཁོ་འདོན་བྱེད་མཁན་དང་དཔང་རྟགས་ཁུངས་བཙན་འདོན་མཁན་ཐེར་འདོན་པ་བཅུ་གཅིག་ལ་2025ལོའི་ནགས་ཚལ་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་གི་ཐེར་འདོན་བྱ་དགའ་སྤྲད་དེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ནགས་ཚལ་རྩྭ་ཐང་ལྟ་འདོམས་སྡེ་ཚན་གྱི་ཡིད་རྟོན་ཁ་བཤད་ལག་བསྟར་ཐུབ་པར་བྱས་ཡོད།
ད་ཐེངས་བྱ་དགའ་སྤྲོད་པའི་ཐད་འབྲེལ་ཡོད་དོ་དམ་བྱ་ཐབས་ཀྱི་གཏན་འབེབས་ཀྱི་ཚད་གཞི་དང་བརྒྱུད་རིམ་ལག་བསྟར་ལ་ནན་པོར་གཞིགས་ནས་ཁྱོན་བྱ་དགའི་དངུལ་སྒོར་16500སྤྲད་པ་རེད། བྱ་ཐབས་དེ་ནི་ཐེར་འདོན་བྱེད་མཁན་ནགས་ཚལ་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་ནང་རང་འགུལ་ངང་ཞུགས་པར་དངོས་པོའི་བྱ་དགའ་སྤྲད་པ་ཞིག་ཡིན་ལ། སྤྱི་ཚོགས་ཡོངས་སུ་ནགས་ཚལ་རྩྭ་ཐང་གི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བའི་བྲག་ཡིབ་ཆུས་ཀྱི་རྣམ་འགྱུར་གསལ་པོ་དང་ཆོད་སེམས་བརྟན་པོ་མཚོན་པར་བྱས་པས། མང་ཚོགས་སྐྱེ་ཁམས་སྲུང་སྐྱོང་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་འཕེལ་ཐུབ་པ་བྱུང་ཡོད།
བྲག་ཡིབ་ཆུས་ནགས་ཚལ་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་དམ་བསྒྲགས་ཀྱི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ“ཐར་པར་གཏན་ནས་མི་གཏོང་བའི”རྣམ་འགྱུར་གྱི་ཐོག་ནས་ནགས་ཚལ་རྩྭ་ཐང་གི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་། ཐེར་འདོན་བྱ་དགའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། ལྟ་སྐུལ་ཐབས་ལམ་ཤར་གཏོང་ཐུབ་པ་བཅས་བྱས་ནས་སྤྱི་ཚོགས་ལས་རིགས་ཁག་དང་མཉམ་དུ་བྲག་ཡིབ་ཆུས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་གི་ཡིན་ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།