དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • “ལྗོན་ཤིང་སྨན་པས”མཚོ་བོད་ས་མཐོའི་མིས་བཟོས་ནགས་ཚལ་ལ་སྲུང་སྐྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-02-08

    ཆ་སྙོམས་ས་བབ་སྨི་4000ཟིན་པའི་མཚོ་བོད་ས་མཐོར་སྐྱེ་འཚར་མགྱོགས་པ་དང་འཕྲོད་ཤུགས་ཆེ་བའི་སྦྱར་པ་དང་རྒྱ་ལྕང་ནི“སྔོ་ལྗང་ལྕགས་རི་རིང་པོ”སྐྲུན་པའི་གཙོ་ཤུགས་དམག་ཅིག་རེད། སྦྱར་པའི་རུལ་ནད་ཀྱིས་མངོན་གསལ་མེད་པར་ས་མཐོའི་མིས་བཟོས་ནགས་ཚལ་གྱི་སྐྱེ་ཁམས་སྲུང་བཅད་གལ་ཆེན་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་ཡོད་ཅེས་ཉེ་དུས་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ལེང་ཨེར་ཡོན་གྱིས་ཚན་རྩལ་ཉིན་རེའི་ཚགས་པར་གྱི་གསར་འགོད་པར་བཤད།

    མཚོ་བོད་ས་མཐོའི“སྔོ་ལྗང་ལྕགས་རི་རིང་པོ”ཇི་ལྟར་བྱས་ནས་ཡུན་རིང་གནས་ཐུབ་པ་དང་སྐྱེ་འཚར་ཡག་པོ་ཡོང་ཐུབ་པ་བྱེད་དགོས་སམ། དེའི་ཐད་འབྲེལ་ཡོད་ཞིབ་འཇུག་ཚོགས་པ་ལས་གྲུབ་པའི“ལྗོན་ཤིང་སྨན་པས”ཚན་རྩལ་གྱི་ཐབས་བཟང་རབ་དང་རིམ་པ་བཏོན་ཡོད་པ་སྟེ།

    སྐྱེ་དངོས་ཕྲ་རབ་ཀྱི་སྲིན་རྫས་སྤྱད་ནས།

    “སྦྱར་པའི་འབྲས་སྐྲན”འགོག་ཐབས་བྱས་པ།

    སྦྱར་པའི་རུལ་ནད་ནི་འཛམ་གླིང་རང་བཞིན་གྱི་ནད་ཀྱི་གནོད་འཚེ་ཞིག་རེད། ལྷག་པར་དུ་མཚོ་བོད་ས་མཐོའི་སྐྱེ་ཁམས་ལ་གནོད་འཚེ་དེ་བས་ཚབས་ཆེན་པོ་བཟོ་གི་ཡོད། འདི་གའི་མཐོ་གྲང་དང་སྐམ་ཤས་ཆེ་བ། སྨུག་ཕྱིའི་འོད་སོགས་ཀྱི་རྐྱེན་པས་སྦྱར་པའི་རང་ངོས་ཀྱི་འགོག་སྲུང་ནུས་པ་རྒྱུན་མཐུད་ཞན་དུ་ཕྱིན་ནས། སྦྱར་པའི་པགས་པ་རུལ་བ་དང་ཤིང་རྒྱུའི་ངོས་འཕྲོ་བརླག་འགྲོ་བའམ་ཡང་ན་མཐར་རྦད་དེ་བེད་མེད་དུ་འགྲོ་གི་ཡོད། “མཚོ་བོད་ས་མཐོའི་སྐྱེ་ཁམས་མ་ལག་ཅུང་ཞན་པ་དང་སྲོལ་རྒྱུན་ཐབས་ལམ་གྱི་ནུས་པ་དེ་ཙམ་ཆེན་པོ་མེད་པས་སྐྱེ་ཁམས་ལ་མུ་མཐུད་ཉེན་ཁ་བཟོ་སྲིད་པས། མཚོ་བོད་ས་མཐོར་འཚམ་པའི་ལྗང་མདོག་འགོག་སྲུང་ཇུས་གཞི་ཞིག་ངེས་པར་དུ་འཚོལ་ཞིབ་བྱེད་དགོས་ཀྱི་ཡོད”ཅེས་ལེང་ཨེར་ཡོན་གྱིས་བཤད།

    2022ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི“རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་བཅས་ཀྱི་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་སླར་གསོའི”རྣམ་གྲངས་ཀྱི་རྒྱབ་སྐྱོར་འོག “སྦྱར་པའི་འབྲས་སྐྲན”ལ་དམིགས་པའི་ཚན་རྩལ་འགག་སྒྲོལ་དམག་འཐབ་ཅིག་རྒྱག་འགོ་ཚུགས་པ་རེད།

    ཚན་ཞིབ་ལམ་བུ་དེ་དཀའ་ཚེགས་ཆེ་བའི་རི་ཐང་བརྟག་ཞིབ་ནས་འགོ་བཙུགས་ཤིང་། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་སོགས་ཚན་པའི་ཚན་ཞིབ་མི་སྣ་ལས་གྲུབ་པའི་ཞིབ་འཇུག་ཚོགས་པ་ལྷ་ས་དང་། ལྷོ་ཁ། གཞིས་རྩེ། ཐ་ན་མངའ་རིས་བཅས་སུ་བསྐྱོད་དེ་གསོ་རླུང་དཀོན་པ་དང་སྨུག་ཕྱིའི་འོད་ཤུགས་ཆེ་བའི་ཁོར་ཡུག་ནང་སྦྱར་པའི་རུལ་ནད་འགོག་བཅོས་ཀྱི་དཔེ་སྟོན་ལས་དོན་སྤེལ་བ་རེད།

    མ་དཔེ་འབོར་ཆེན་ལ་དབྱེ་ཞིབ་བྱས་པ་བརྒྱུད། ཞིབ་འཇུག་ཚོགས་པས་སྦྱར་པའི་པགས་པའི་ཁྲོད་ནས་འབུའི་གནོད་འཚེ་འགོག་ནུས་ལྡན་པའི་སྲིན་རྒྱུ་ཞིག་ཡོད་པ་ཤེས་རྟོགས་བྱུང་ཡོད། ཚོད་ལྟ་བྱས་པ་བརྒྱུད་སྲིན་རྒྱུ་དེ་ཐུམ་སྲིན་སེར་པོ་མཆེད་པར་བཀག་འགོག་ནུས་ལྡན་ཐུབ་པ་ར་སྤྲོད་བྱས་ཡོད། དེར་བརྟེན་ཞིབ་འཇུག་མི་སྣས་དེ་སྐྱེ་དངོས་ཕྲ་རབ་ཀྱི་སྲིན་རྫས་བཟོས་ཡོད་པ་རེད།

    ཚོད་ལྟ་ཁང་གི་ལེགས་གྲུབ་དེ་ནི་གོམ་སྟབས་དང་པོ་ཡིན་པ་དང་ས་མཐོའི་རང་བྱུང་ཁོར་ཡུག་ཞན་པོར་ཁ་གཏད་གཅོག་རྒྱུ་ནི་ད་གཟོད་ཚོད་བགམ་ངོ་མ་དེ་རེད།

    ཀྲང་ཀེང་ཤིན་གྱིས། མིག་སྔར། ཞིབ་འཇུག་ཚོགས་པས་སྐྱེ་དངོས་ཕྲ་རབ་ཀྱི་སྲིན་རྒྱུ་གཙོ་བོར་བྱས་ཏེ་སྐྱེ་དངོས་འགོག་བཅོས་བྱེད་སྟངས་ལ་ཞིབ་འཇུག་བྱས་པ་དང་། དམིགས་ཚད་ནི“འགོག་བཅོས་དང་ཚོད་འཛིན་ཐུབ་པའི”ས་མཐོའི་མིས་བཟོས་ནགས་ཚལ་གྱི་ལྗང་མདོག་ལྟ་འདོམས་མ་ལག་ཅིག་གཏོད་ཆེད་རེད།

    ཕོ་ཤིང་མོ་ཤིང་སྤེལ་མར་བཙུགས་ནས།

    མིས་བཟོས་ནགས་ཚལ་གྱི་སྤྱི་ཡོངས་ཀྱི་ནད་འགོག་ནུས་པ་ཆེ་རུ་བཏང་བ།

    “ནད་རྐྱེན་ཐོན་པའི་ནགས་ཚལ”ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱེད་པ་དང་སྦྲགས། སི་ཁྲོན་སློབ་ཆེན་ཚེ་སྲོག་ཚན་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཀྲང་ཧྲེང་གིས་སྣེ་ཁྲིད་པའི་ཚོགས་པ་གཞན་ཞིག་གིས་རིམ་ངོས་གཞན་ཐད་ནས་བསམ་གཞིག་བྱས་པ་སྟེ། དེ་ནི་རང་ཤུགས་ཀྱི་ནུས་པ་ཆེ་བ་དང་རང་སྲུང་ཐུབ་པའི་མིས་བཟོས་ནགས་ཚལ་གྱི་སྐྱེ་ཁམས་མ་ལག་ཅིག་ཇི་ལྟར་གཏོད་མིན་དེ་རེད། ཁོང་ཚོས་དེ་ལྟར་ཡུན་རིང་སྣང་མེད་དུ་བཏང་བའི་ལྗོན་ཤིང་གི་ཕོ་མོའི་ཁྱད་པར་ཐད་ཞིབ་འཇུག་བྱས་པ་རེད།

    “ལོ་མང་ཞིབ་འཇུག་བྱས་པ་བརྒྱུད། ང་ཚོས་མོ་ཤིང་རྒྱ་ལྕང་དང་ཕོ་ཤིང་སྦྱར་པ་གཉིས་པོ་མཐོ་གྲང་དང་སྐམ་ཤས་ཆེ་བ་སོགས་ཁོར་ཡུག་ཞན་པོའི་ཁྲོད་དུའང་སྐྱེ་འཚར་ཐུབ་པ་ཤེས་རྟོགས་བྱུང” གོམ་གང་མདུན་སྤོས་ཀྱིས་དབྱེ་ཞིབ་བྱས་པ་བརྒྱུད། ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་མཐོ་གྲང་དང་ཕྱེད་སྐམ་ཤས་ཆེ་བའི་ས་རྒྱུད་དུ་ཚན་རིག་དང་མཐུན་པའི་ངང་ཕོ་ཤིང་མོ་ཤིང་བཙུགས་ནས་སྐྱེ་ཁམས་སླར་གསོའི་ཁྲོད་གསབ་རེས་ཐུབ་པར་བྱས་པས། དེས་མིས་བཟོས་ནགས་ཚལ་གྱི་སྤྱི་ཡོངས་ཀྱི་ནད་འགོག་ནུས་པ་ཆེ་རུ་འགྲོ་བར་ཕན་ཐོགས་པ་མ་ཟད། ད་དུང་སྐྱེ་ཁམས་མ་ལག་ཡུན་རིང་བརྟན་པོ་རྒྱུན་འཁྱོངས་ཐུབ་པའང་གསལ་བཤད་བྱས་ཡོད།

    སྐྱེ་ཁམས་སླར་གསོའི་ཁུལ་དུ་ཚན་རིག་དང་མཐུན་པའི་ངང་ཕོ་ཤིང་མོ་ཤིང་འཛུགས་རྒྱུ་ནི་ནགས་ཚལ་རང་ངོས་གསར་སྒྱུར་གྱི“སྐྱེ་ཁམས་གཅུས་ཕུར”ཕྱེ་བའི་འགག་རྩ་ཞིག་རེད།

    སྤྱི་དམངས་ཀྱིས་བཏོན་པའི་ལྕང་བལ་གྱི་གནད་དོན་ཐད། ཚོཌ་པས་ཀྱང་ས་མཐོའི་མིས་བཟོས་ནགས་ཚལ་འཛུགས་སྐྲུན་ས་ཁོངས་དེ་གྲོང་ཁྱེར་ལྟེ་གནས་དང་ཐག་རིང་པོ་ཡོད་དགོས། གྲོང་ཁྱེར་དང་གྲོང་རྡལ་དང་བར་ཐག་སྤྱི་ལེ་20ཡན་ཡོད་དགོས། དེའི་དམིགས་ཡུལ་གཙོ་བོ་ནི་རླུང་འགོག་བྱེ་འཇགས་དང་། ཆུ་རྩ་གསོ་འཁྱོངས། ཉམས་ཞན་དུ་གྱུར་པའི་སྐྱེ་ཁམས་མ་ལག་སླར་གསོ་བཅས་བྱ་རྒྱུ་ཡིན་པ་ལས་ཡུལ་ལྗོངས་སྔོ་འགྱུར་བྱ་རྒྱུ་ཁོ་ན་མིན། ལྕང་བལ་གྱིས་གྲོང་མིའི་འཚོ་བར་ཤུགས་རྐྱེན་ཧ་ལམ་བཟོ་མི་སྲིད། དེང་རབས་ནགས་ལས་ལག་རྩལ་སྤྱད་དེ་འབྱུང་རྩ་ནས་ལྕང་བལ་མེད་པར་བཟོ་ཐུབ་ཀྱི་ཡོད་པས། དེས་འགོག་ནུས་རང་བཞིན་དང་དྭངས་གཙང་རང་བཞིན་གཅིག་གྱུར་ཡོང་བར་བྱས་ཡོད་ཅེས་བཤད།

    ཤིང་སྣ་མང་པོ་བཏབ་ནས།

    སྐྱེ་ཁམས་མ་ལག་བརྟན་པོ་ཞིག་བསྐྲུན་པ།

    ནགས་ཚལ་གྱི་བདེ་ཐང་དེ་ལྗོན་ཤིང་ལ་ཐུག་པ་མ་ཟད། ས་རྒྱུའི་སྐྱེ་དངོས་ཕྲ་རབ་དང་ཡང་འབྲེལ་བ་དམ་ཟབ་ཡོད། ཤིང་སྣ་དེ་དག་ནི“མངོན་མེད་ཀྱི་ལག་རྩལ་ཆེ་མོ་བ”ཞིག་དང་འདྲ་བར་རྩི་ཤིང་ལ་རྙོག་འཛིང་ཆེ་ལ་བརྟན་པའི“ས་འོག་གི་སྦྲེལ་ཟམ”ཞིག་བསྐྲུན་ཡོད།

    ཞིབ་འཇུག་ལས་མངོན་གསལ། ཤིང་སྣ་མང་པོ་ཞིག་མཉམ་དུ་བཏབ་ཚེ་ས་འོག་གི་སྐྱེ་དངོས་ཕྲ་རབ་ཀྱི་སྣ་མང་རང་བཞིན་དང་གསོན་ཤུགས་ལ་སྐུལ་འདེད་ཤུགས་ཆེན་གཏོང་ཐུབ། “ཤིང་སྣ་མང་པོ་ཞིག་མཉམ་དུ་བཏབ་ཚེ་སྐྱེ་དངོས་ཕྲ་རབ་ལ་སྣ་མང་རང་བཞིན་གྱི་འཚོ་གནས་ཁོར་ཡུག་བཏོད་དེ། རྙོག་འཛིང་ཆེ་ལ་བརྟན་པའི་ས་འོག་གི་སྐྱེ་དངོས་ཕྲ་རབ་མཉམ་གནས་ཀྱི་མཉམ་སྦྲེལ་དྲ་རྒྱ་བསྐྲུན་ཐུབ་པ་མ་ཟད། ད་དུང་ས་རྒྱུ་གཤིན་པོ་མངོན་གསལ་དོད་པོས་མང་དུ་དང་ས་རྒྱུའི་ཐཱན་བརྟན་ཚད་ཆེ་རུ་སོང་སྟེ་ས་མཆེད་ནད་སྐྱོན་འགོག་ཐུབ”ཅེས་ཀྲང་ཧྲེང་གིས་བཤད།

    འབྲེལ་ཡོད་ཤེས་རྟོགས་ལ་གཞིགས་ནས། ཞིབ་འཇུག་ཚོགས་པས་འབྱུང་འགྱུར་ས་མཐོའི་ནགས་བཟོའི་འཆར་གཞི་གསར་པ་ཞིག་བཀོད་ཅིང་། ལྗོན་ཤིང་གསོན་ཐུབ་པ་ནས་ཡུན་རིང་གསོན་པ་དང་། བརྟན་པོ་གསོན་པ། ནུས་པ་ཆེ་བ། སྐྱེ་འཚར་དང་གསར་འབྱེད་ཐུབ་པ་བཅས་ཀྱི་ནགས་ཚལ་སྐྱེ་ཁམས་མ་ལག་ཅིག་གཏོད་རྒྱུ་རེད།

    “དེ་ཐོག་ནས་འབྱུང་འགྱུར་ནགས་བཟོའི་ལྟེ་བའི་ཆོས་ཉིད་དེ་གྲངས་ཚད་འཕར་བ་ནས་སྐྱེ་ཁམས་མ་ལག་གི་སྤུས་ཚད་མཐོར་གཏོང་དང་ནུས་པ་ཆེར་གཏོང་གི་ཕྱོགས་སུ་སྒྱུར་རྒྱུ་ཡིན་པ་མཚོན་ཡོད” ལེང་ཨེར་ཡོན་གྱིས། མཚོ་བོད་ས་མཐོ་སོགས་སྐྱེ་ཁམས་ཉམས་ཞན་ཁུལ་དུ་ཕྱིས་འབྱུང་ཤིང་འཛུགས་ནགས་བཟོ་བྱེད་པར་ཤིང་སྣ་མཉམ་འདྲེས་དང་། ཕོ་ཤིང་མོ་ཤིང་མཉམ་བསྲེས། རིགས་གཅིག་པའི་ཕོ་ཤིང་མོ་ཤིང་མཉམ་འདྲེས་བཅས་ཀྱི་བྱེད་སྟངས་གནད་སྨིན་ཇུས་འགོད་བྱས་ཏེ། རང་ངོས་རྒྱུན་འཁྱོངས་དང་རང་བརྟེན་གསར་འབྱེད་ཀྱི་ནུས་པ་ལྡན་པའི་ནགས་ཚལ་སྐྱེ་ཁམས་མ་ལག་ཅིག་བཏོད་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྐྲུན་ཆེད་རྨང་གཞི་འདིང་དགོས་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།