2025ལོར་བོད་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།
ཉེ་ཆར་གསར་འགོད་པར་2026ལོའི་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2025ལོར་བོད་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ནས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་364བཏང་སྟེ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་དམིགས་ཚད་ཁག་21རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་རྣམ་གྲངས་9རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། 2025ལོར་བོད་ལྗོངས་ཡོངས་ཀྱི་རྫོང་3ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་གྱི་དཔེ་སྟོན་ཁུལ་བཏོད་པ་དང་། རྫོང་3རྒྱལ་ཁབ་ཀྱི“རི་གཉིས”ཀྱི་ལག་ལེན་གསར་གཏོད་རྟེན་གཞི་བསྐྲུན་པས་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐུན་སྦྱོར་མཉམ་སྐྱོད་ཀྱི་རྣམ་པ་བཟང་པོ་ཞིག་མགྱོགས་མྱུར་ཆགས་ཡོད།
འབྲེལ་ཡོད་གསར་འགྱུར།