དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག ཐག་རིང་མགྲོན་པོའི་ཡིད་དབང་བཀུག

    རང་ལྗོངས་ཀྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱས་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-19

    འདི་ནི་གྲོང་མི་དང་ཡུལ་སྐོར་བས་གཟི་བྱིན་བླ་མཚོར་ཡུལ་སྐོར་བྱེད་བཞིན་པ།

    ལྷ་ལྡན་གཙུག་ལག་ཁང་གི་མདུན་དུ་ལོ་ངོ་1000ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ཐང་བོད་དབོན་ཞང་རྡོ་རིང་འགྱིང་ངེར་གནས་ཡོད་ཅིང་། རྡོ་རིང་སྟེང་རྒྱ་བོད་མི་རིགས་དབར་མཛའ་མཐུན་འགྲོ་འོང་བྱས་པའི་ལོ་རྒྱུས་རིང་མོ་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཐོག་ནས་བརྐོས་ཡོད། ད་ཆ་དེ་ནི་ལོ་རྒྱུས་ཀྱི་དཔང་པོ་ཞིག་ཡིན་པ་མ་ཟད། ཡུལ་སྐོར་བ་རྒྱུན་ཆད་མེད་པར་ཡོང་ས་ཞིག་ཀྱང་ཡིན་པས་བོད་ཀྱི་མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་བ་དང་མཉམ་དུ་འབྱུང་འགྱུར་ཕྱོགས་སུ་སྐྱོད་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད།

    ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན། རང་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རིག་གནས་དང་ཡུལ་སྐོར་ཐོན་ལས་དེ་མི་རིགས་ཁག་དབར་འགྲོ་འོང་རྒྱ་ཁྱབ་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཟམ་ཞིག་ཏུ་བཏོད་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གངས་ལྗོངས་ས་མཐོར་རྒྱུན་དུ་བཞད་ཐུབ་པར་བྱས་ཡོད།

    ཡུལ་སྐོར་འབྲེལ་ཟམ་དུ་བྱས་ཏེ་འཕྲད་པ་ནས་མཉམ་འདྲེས་གཏིང་ཟབ་བྱུང་བ།

    2025ལོར་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་7070ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་10.71%འཕར་བ་དང་། གྲངས་གཞི་དེའི་རྒྱབ་ཏུ་ཆ་རྒྱུས་མེད་པ་ནས་རྒྱུས་མངའ་ཆེ་བ་དང་། ངོ་ཤེས་པ་ནས་ཕན་ཚུན་གྲོགས་པོ་བློས་ཐུབ་ལ་གྱུར་བའི་བར་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་གྲངས་ལས་འདས་པ་ཡོད།

    “ཡུལ་སྐོར་ནི་ཡུལ་ལྗོངས་ཁོ་ན་ཉམས་ལེན་བྱེད་པ་ཞིག་མིན་པར་ལྷག་བསམ་རྣམ་དག་གི་གྲོགས་པོ་སྒྲིག་ཐུབ་ན་དེ་བས་ཡག་པོ་ཡོད”ཅེས་ལྷ་སར་དེབ་ཁང་བཙུགས་པའི་ཝང་ཐའོ་ཡིས་བཤད། ཁོང་གིས་ལོ་5ཡི་གོང་རང་ཉིད་ས་མཐོར་ཡུལ་སྐོར་དུ་ཡོང་སྐབས་བོད་ལ་དགའ་ཞེན་བྱུང་བ་དང་། ད་ཆ་ལྷ་སར་གཞིས་ཆགས་པའི་ཁོང་གིས་བོད་སྐད་ནས་ས་གནས་དེ་གའི་མང་ཚོགས་དང་སྤེལ་རེས་བྱེད་ཐུབ་པ་མ་ཟད།

    ད་དུང་སེམས་མཐུན་གྱི་གྲོགས་པོ་ཁ་ཤས་དང་མཉམ་དུ་རིག་གནས་བསམ་བཀོད་ཐོན་རྫས་ཀྱང་བཏོན་ཡོད། ཁོང་དང་འདྲ་བར“ཡུལ་སྐོར་བ”ནས་ལས་གཏོད་པར་འགྱུར་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཁོང་ཚོས་བོད་དུ་དམངས་སྲོལ་གནས་ཚང་དང་། ཨར་ཁང་། ལས་དོན་ཁང་སོགས་བཙུགས་ནས། ས་གནས་དེ་གའི་མང་ཚོགས་དང་མཉམ་དུ་འཚོ་བ་སྐྱེལ་བ་དང་མཉམ་དུ་འཕེལ་རྒྱས་དོན་གཉེར་བྱེད་བཞིན་ཡོད། དེ་ལྟའི་འབྲེལ་འདྲིས་བྱེད་སྟངས་ཀྱིས་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་དེ་བས་གསོན་ཉམས་དོད་པ་དང་། མི་སེམས་འགུལ་བ། མང་ཚོགས་དང་མཐུན་པ་བཅས་བྱུང་ཡོད།

    དེས་མ་ཟད། ཡུལ་སྐོར་གྱིས་ད་དུང་ས་གནས་དེ་གའི་མང་ཚོགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་ཏན་ཏིག་བཏང་ནས་ས་གནས་དེ་གའི་འཕེལ་རྒྱས་ལ་སྐུལ་ལྕག་ཐེབས་ཡོད། ཉིང་ཁྲི་དང་གཞིས་རྩེར་ལྗོངས་ཕྱིའི་ས་གནས་ཁག་ནས་ཡོང་བའི་ལས་གཏོད་པས་ས་གནས་དེ་གའི་ཡུལ་མི་དང་ལག་གདང་སྦྲེལ་ནས་རྩེར་སོན་གྱི་དམངས་སྲོལ་གནས་ཚང་དང་མཉམ་ལས་ཁང་བཙུགས་ཡོད། ཁོང་ཚོས་མ་དངུལ་ཙམ་མ་ཡིན་པར་ད་དུང་གཉེར་སྐྱོང་བསམ་ཕྱོགས་དང་དོ་དམ་གྱི་ཉམས་མྱོང་གསར་པའང་འཁྱེར་ཡོད་པས། “མཉམ་དུ་ལས་ཀ་བྱེད་པའི”ཐབས་ཤེས་དེས་མི་རིགས་ཁག་གི་མང་ཚོགས་རྣམས་བྱ་གཞག་ཐད་ཀྱི་རོགས་ཟླ་དང་འཚོ་བའི་ཁྲོད་ཀྱི་གྲོགས་པོར་གྱུར་ཡོད། 2025ལོར་ལྗོངས་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་ལས་ཞིང་འབྲོག་པ་ཁྲི་34.55ཐད་ཀར་ལས་ཞུགས་ཐུབ་སྟེ། མི་རེར་ཆ་སྙོམས་འབབ་འཕར་སྒོར་5000བྱུང་ཡོད། ཡུལ་སྐོར་ལས་མང་ཚོགས་ཀྱི“དངུལ་ཁུག”ལྗིད་ཏིག་ཏིག་ཏུ་གྱུར་པ་མ་ཟད། ལྟ་རྒྱ་ཐོས་རྒྱ་ཆེ་རུ་ཕྱིན་པ་དང་ཁྱིམ་ཚང་གཅིག་གི་བརྩེ་བ་ཟབ་ཏུ་སོང་ཡོད།

    རིག་དངོས་དང་ལོ་རྒྱུས་ལ་བརྟེན་ནས་ཁྱིམ་ཚང་གཅིག་ལྟར་གྱི་བརྩེ་སེམས་ཟབ་མོར་བདེན་དཔང་བྱས་པ།

    བོད་ལྗོངས་རྟེན་མཛོད་ཁང་དུ་སྐྱོད་སྐབས་ལོ་རྒྱུས་སྙན་ངག་ཅིག་དལ་གྱིས་མིག་ལམ་དུ་འཆར་འོང་། ཆབ་མདོའི་ཁ་རུབ་གནའ་ཤུལ་གྱི་རྡོ་ཆས་ནས《ཐང་བོད་དབོན་ཞང་རྡོ་རིང》གི་རྡོ་པར་བར་དང་། དེ་ནས་ཡོན་མིང་ཆིང་བཅས་རྒྱལ་རབས་གསུམ་གྱི་དུས་སྐབས་ཀྱི་གསེར་གྱི་ཐམ་ཀ་དང་། གོང་མའི་བཀའ་ཡིག་བཅས་རིག་དངོས་ཚང་མས་ལོ་རྒྱུས་ཀྱི་དོན་དངོས་གཅིག་མཚུངས་ཤིག་བརྗོད་བཞིན་ཡོད་པ་ནི་བོད་དེ་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་པའི་ལོ་རྒྱུས་སྔོན་མོའི་ཆུ་ལས་རིང་བ་ཡོད་པ་དེ་རེད།

    བོད་ལྗོངས་རྟེན་མཛོད་ཁང་གི་ལྟ་སྐོར་ལམ་ཐིག་ནས“བོད་དེ་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ”དང་། “མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་པའི”ལོ་རྒྱུས་ཀྱི་འཕེལ་རིམ་གསལ་པོར་མཐོང་ཐུབ་ཅིང་། དུས་རིམ་ཁག་གི་རིག་དངོས་དང་ལོ་རྒྱུས་དཔྱད་གཞི་བརྒྱུད་ཡུལ་སྐོར་བས་མི་རིགས་ཁག་གི་རིག་གནས་དཔྱད་གཞིར་འཛིན་རེས་དང་མཉམ་འདྲེས་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཐད་ཀར་ཚོར་ཐུབ་པས། བོད་ལྗོངས་རྟེན་མཛོད་ཁང་ནི་ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་དང་རྒྱ་ཆེའི་མང་ཚོགས་ཚོས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དང་ལེན་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

    ལོ་རྒྱུས་ཀྱི་བདེན་དཔང་ནི་རྟེན་མཛོད་ཁང་གི་རིག་དངོས་ཁོ་ནས་ག་ལ་ཚད། ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱིས“གནའ་རྫས་རྟོག་ཞིབ་ཀྱི་ཀྲུང་གོ”དང་ཀྲུང་ཧྭའི་ཤེས་དཔལ་གྱི་འབྱུང་ཁུངས་འཚོལ་ཞིབ་ཀྱི་འདུ་འགོད་ལ་བརྟེན་ནས་རིག་དངོས་ཡོངས་བཤེར་དང་གནའ་རྫས་རྟོག་ཞིབ་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།

    གསར་དུ་རྙེད་པའི་རིག་དངོས་ས་ཚིགས་3346དང་མ་བུ་མཚོ་དང་འུ་ཤང་རྡོ་སོགས་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་གལ་ཆེན་གྱིས་བོད་དང་མེས་རྒྱལ་ས་གནས་ཁག་དབར་འབྲེལ་བ་དམ་ཟབ་ཡོད་པ་སྔར་བས་ར་སྤྲོད་བྱས་པ་མ་ཟད། རིག་གནས་དང་ཡུལ་སྐོར་གྱིས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བར་ལོ་རྒྱུས་ཀྱི་འདེགས་སྐྱོར་གཏིང་ཟབ་མཁོ་འདོན་བྱས་ཡོད།

    ཕྱོགས་གཉིས་ཀྱི་འབྲེལ་བ་དེ་བས་བརྟན་དུ་བཏང་ནས་གངས་ལྗོངས་མཉམ་འདྲེས་ཀྱི་ལེའུ་གསར་པ་མཉམ་དུ་བརྩམས་པ།

    རིག་གནས་དང་ཡུལ་སྐོར་གྱིས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བར“མཐོང་རྒྱུ”ཡོད་པའི་འབྲེལ་ཟམ་གཏོད་དགོས་ལ། “མངོན་མེད”ཀྱི་འབྲེལ་ཐག་བརྟན་པོ་ཡང་གཏོད་དགོས།

    “མཐོང་རྒྱུ”ཡོད་པའི་ལས་དོན་ཐད་བོད་ཀྱིས་མུ་མཐུད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་དང་མཁོ་སྤྲོད་ལེགས་སུ་བཏང་བ་སྟེ། 2024ལོར་ཡུལ་སྐོར་འཕེལ་རྒྱས་ཀྱི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་1.99བཏང་ནས་ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ལེགས་སུ་གཏོང་བར་སྤྱད་པ་དང་། སྤྱི་པའི་རིག་གནས་བར་མཐོངས་གསར་པ་10བསྐྲུན་པ། གྲོང་ཚོ་རིམ་པའི་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོའི་དཔེ་སྟོན་ཁུལ་100སྲ་བརྟན་དང་ལེགས་སུ་བཏང་བ་སོགས། སྒྲིག་ཆས་དང་ལས་རྣམ་གཉིས་ཀ་ལེགས་སུ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་དང་ཡུལ་སྐོར་བར་དེ་བས་རྒྱ་ཆེ་བ་དང་སྐྱིད་སྣང་དོད་པའི་འགྲོ་འོང་གི་བར་མཐོངས་བཏོད་ཡོད།

    “མངོན་མེད”ལས་དོན་ཐད། བོད་ཀྱིས་རིག་གནས་ལ་བརྟེན་ནས་མི་སྣ་ལེགས་སྐྱོང་དང་སྒྱུ་རྩལ་ལ་བརྟེན་ནས་སེམས་པ་འབྲེལ་འདྲིས་བྱ་རྒྱུར་མཐོང་ཆེན་བྱས་པ་སྟེ། “རིག་གནས་བོད་ལྗོངས”ཀྱི་ཏང་གི་སློབ་ཚན་ཐེངས་བརྒྱ་ཁྲིད་པ་དང་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་ཏང་གི་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་། “སྐལ་བཟང་མེ་ཏོག་འཁྲབ་སྟོན་དུས་ཚིགས”སྒྲིག་འཛུགས་བྱས་ནས་མཐའ་མཚམས་གྲོང་གསེབ་ཏུ་སྤུས་ལེགས་ཀྱི་རིག་རྩལ་འཁྲབ་སྟོན་བྱས་ཤིང་། 《འུན་ཤིང་ཀོང་ཇོ》དང《མཐའ་མཚམས་ཀྱི་སྐལ་བཟང་མེ་ཏོག》སོགས་སྤུས་ལེགས་ཟློས་གར་ལྗོངས་ཕྱིར་འཁྲབ་སྟོན་བྱས་ནས་སྤེལ་རེས་ལ་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་འགྲན་བསྡུར་ཆེ་མོ་སོགས་ཀྱི་བྱེད་སྒོ་གཉེར་ནས་རིམ་པ་མང་བའི་སྤེལ་རེས་ལས་སྟེགས་བཏོད་ཡོད།

    “རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་བ་ནི་མཐར་གཏུགས་ནས་བཤད་ན་མི་གཞི་རྩར་འཛིན་པ་ཞིག་རེད། རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གི་འབྲེལ་ཡོད་འགན་འཁུར་བས“མཉམ་འདྲེས་ངོ་མ་ནི་རྩམ་པ་དང་ཇ་ལས་སྤགས་གོང་གྲུབ་པ་བཞིན་འགྲོགས་པའི་བརྒྱུད་རིམ་ཁྲོད་དུ་རིམ་བཞིན་མཉམ་འདྲེས་བྱས་ཚེ་གཞི་ནས་ཡུན་རིང་གི་འབྲེལ་བ་ཟབ་མོ་ཞིག་སྒྲུབ་ཐུབ”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།