དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ལྷུན་རྩེ་རྫོང་གྲོང་ཁྱེར་དོ་དམ་ཅུས་ཀྱིས་ཇ་ཁང་ནང་སྒྲོག་འགྲེལ་བྱས་ཏེ་བདེ་འཇགས་ལྡན་པའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་མི་སེམས་ལ་འཇགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-16

    ཉེ་ཆར་ལྷུན་རྩེ་རྫོང་་གྲོང་ཁྱེར་དོ་དམ་ཅུས་ཀྱིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས“འབྱོར་ཐོ་འགོད་པ་གཉིས”ཀྱི་ལས་ཀའི་ལམ་སྲོལ་གཞི་རྟེན་དུ་བྱས་ནས། རྫོང་གྲོང་གི་ཇ་ཁང་ཁག་ཏུ་བསྐྱོད་དེ་བདེ་འཇགས་ལྡན་པའི་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཐོག ཏང་འཛུགས་སྐྱོང་གི་སྟོབས་ཤུགས་དམངས་འཚོའི་ཞབས་ཞུར་མཉམ་འདྲེས་བྱས་ནས་མང་ཚོགས་ལ་སྤྱོད་གོ་ཆོད་པའི་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་ཁྱབ་གདལ་བཏང་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ཏང་ཡོན་དང་ལས་བྱེད་པས་ཅི་འཕྲོས་མོལ་འཕྲོས་བྱེད་པ་བརྒྱུད་ཇ་ཁང་གཉེར་སྐྱོང་པ་དང་འགྲོ་འོང་བྱེད་མཁན་མང་ཚོགས་ལ་འཚོ་བའི་གད་སྙིགས“རིགས་དབྱེ་བྱེད་སྟངས་བཞིའི”ཚད་གཞི་དང་རིགས་དབྱེ་སྟངས་འགྲེལ་བཤད་བརྒྱབ་པ་དང་འབྲེལ། གད་སྙིགས་རིགས་དབྱེའི་ངོས་འཛིན་ཐད་ཀྱི་མང་ཚོགས་ཀྱི་ནོར་འཁྲུལ་ཡོ་བསྲང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།