དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་དང་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་ནང་གི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་དག་ཐེར་ལེགས་གྲུབ་བྱུང་ཚད་99.2%ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-04

    ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་ནས་ཤེས་རྟོགས་བྱས་པར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱིས“ལྗང་ཕུབ”བྱ་སྤྱོད་ཧུར་ཐག་སྤེལ་བ་དང་། རིམ་རྩིས་བརྒྱབ་ན་རང་བྱུང་སྲུང་སྐྱོང་ཁུལ་དང་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་ནང་གི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཁག་137བཅོས་སྒྲིག་བྱས་པར་དག་ཐེར་ལེགས་གྲུབ་བྱུང་ཚད་99.2%ཟིན་ནས་སྐྱེ་ཁམས་བར་མཐོངས་གཙོ་བོའི་སྐྱེ་ཁམས་གཏོར་སྐྱོན་གྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ནུས་ལྡན་ངང་བསལ་བས། ས་མཐོའི་སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་པོའི་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་འགན་ལེན་ནུས་ལྡན་ཐུབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱིས་རང་བྱུང་སྲུང་སྐྱོང་ཁུལ་དང་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་སོགས་སྐྱེ་ཁམས་བར་མཐོངས་གཙོ་བོར་དོ་དམ་ཚོད་འཛིན་ནན་པོ་བྱས་ཤིང་། མིའི་རིགས་ཀྱི་འགུལ་སྐྱོད་ཐེངས་7000ཙམ་ལ་རྒྱང་ཚོར་ལྟ་ཞིབ་ཚད་ལེན་ལག་རྩལ་གྱི་ཐག་གཅོད་དང་། ས་ཡུལ་དངོས་སུ་ཞིབ་དཔྱད་དང་ཁྲིམས་སྒྱུར་ཞིབ་བཤེར་ཐག་གཅོད་བྱས་ཏེ། སྐྱེ་ཁམས་ལ་གཏོར་སྐྱོན་གཏོང་བའི་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཐོག་མཐའ་བར་གསུམ་དུ“ཐར་པར་གཏན་ནས་མི་གཏོང་བ”མཐའ་འཁྱོངས་བྱས་པ་དང་། ལྟ་འདོམས་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་ཆེ་རུ་བཏང་བ་བརྒྱུད། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་སྐྱེ་ཁམས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།