རང་ལྗོངས་སུ་ཡུལ་སྐོར་ཐོན་ཁུངས་ཁག་ཁྲི་5.8ལྷག་ཙམ་རྩད་ཆོད་པ།
ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ཡུལ་སྐོར་ཐོན་ཁུངས་ཡོངས་བཤེར་གྲུབ་འབྲས་དཔྱད་ཞིབ་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2023ལོའི་ཟླ་8པར་རང་སྐྱོང་ལྗོངས་ཡུལ་སྐོར་ཐོན་ཁུངས་ཡོངས་བཤེར་ལས་དོན་དངོས་སུ་སྤེལ་འགོ་ཚུགས་ཚུན། ལོ་གཉིས་ཙམ་གྱི་དུས་ཚོད་ནང་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)བདུན་གྱི་རྫོང(ཆུས་དང་གྲོང་ཁྱེར)74ལ་ས་ཁོངས་ཡོངས་ལ་ཁྱབ་པའི་ཡོངས་བཤེར་བྱས་པར། གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་དེ། ཡུལ་སྐོར་ཐོན་ཁོངས་ཁག་ཁྲི་5.8ལྷག་ཙམ་རྩད་ཆོད་པའི་ཁྲོད། ཡུལ་སྐོར་ཐོན་ཁུངས་ཁག་ཁྲི་3.1ལྷག་ཙམ་གསར་དུ་རྙེད་པའམ་གསར་དུ་ངེས་བཟུང་བྱས་པ་དང་། རིམ་པ་ལྔ་པའི་ཡུལ་སྐོར་ཐོན་ཁུངས་ཁག་944དང་། རིམ་པ་བཞི་པའི་ཡུལ་སྐོར་ཐོན་ཁུངས་ཁག་2372 རིམ་པ་གསུམ་པའི་ཡུལ་སྐོར་ཐོན་ཁུངས་ཁག་10202ཞིབ་དཔྱད་གཏན་འཁེལ་བྱས་པ་རེད།
རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གི་འབྲེལ་ཡོད་འགན་འཁུར་བས། ད་ཐེངས་ཀྱི་ཡོངས་བཤེར་ལས་དོན་དེ་རང་སྐྱོང་ལྗོངས་ཀྱིས་སྤྱི་འདོམས་དང་། གྲོང་ཁྱེར(ས་ཁུལ)གྱིས་མཛུབ་ཁྲིད། རྫོང(ཆུས་དང་གྲོང་ཁྱེར)གིས་གཙོ་བོར་ལག་ལེན་བསྟར་བའི་རིམ་གསུམ་མཉམ་འབྲེལ་བྱ་ཐབས་སྤྱད་ནས། དུས་འགོའི་གྲ་སྒྲིག་དང་། ཕྱོགས་ཡོངས་ནས་སྐུལ་འདེད། གྲུབ་འབྲས་འདུས་གྲུབ་བཅས་དུས་མཚམས་གསུམ་བརྒྱུད་ཅིང་། རིམ་རྩིས་བརྒྱབ་ན་མི་4000ཙམ་དེའི་ནང་ཞུགས་པར་སྐུལ་སློང་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།