དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ད་ལོར་བོད་དུ་ཡུལ་སྐོར་མེ་འཁོར་བཏང་ཚད་དང་ཡུལ་སྐོར་བར་ཞབས་འདེགས་ཞུས་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-26

     ཉེ་ཆར། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི(གཤམ་དུ“མཚོ་བོད་ཚོགས་པ་ཀུང་སི”ཞེས་བསྡུ་རྒྱུ)ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། 2025ལོར། བོད་དུ་ཡུལ་སྐོར་མེ་འཁོར་བཏང་ཚད་དང་ཡུལ་སྐོར་བར་ཞབས་འདེགས་ཞུས་ཚད་གཉིས་ཀ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། གྲངས་གཞི་ལས་མངོན་པར། ལོ་ཧྲིལ་པོར་ཀུང་སི་དེས་བོད་དུ་ཡུལ་སྐོར་མེ་འཁོར་ཐེངས་24བཏང་བ་དང་། ཁྱོན་ཡུལ་སྐོར་བ་མི་ཐེངས་9300ལྷག་ཙམ་ལ་ཞབས་འདེགས་ཞུས་ནས། “མེ་འཁོར་ལ་བསྡད་ནས་བོད་དུ་ཡུལ་སྐོར་བྱེད་པ”ནི་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་བོད་ཀྱི་མཛེས་ལྗོངས་ཉམས་སུ་ལེན་པའི་ཐབས་ལམ་གཙོ་བོ་ཞིག་ཏུ་གྱུར་ཡོད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ལོར་མེ་འཁོར་ལ་བསྡད་དེ་བོད་དུ་ཡུལ་སྐོར་བྱེད་མཁན་ཁྲོད“རྒན་དབུ་དཀར”གྱིས་70%ལྷག་ཙམ་ཟིན་ནས། ས་མཐོའི་ལྕགས་ལམ་ཡུལ་སྐོར་གྱི་ཚོགས་སྤྱི་གཙོ་བོར་གྱུར་ཡོད་པ་རེད། ས་མཐོའི་ཡུལ་སྐོར་གྱི་ཁྱད་ཆོས་དང་འཚམ་ལ་ཡུལ་སྐོར་གྱི་མྱོང་བ་ལེགས་སུ་གཏོང་ཆེད། མཚོ་བོད་ཚོགས་པ་ཀུང་སིས་ཞབས་ཞུའི་འགན་ལེན་ཐད་རྒྱུན་མཐུད་རིམ་སྤོར་བྱས་པ་སྟེ། བོད་དུ་བསྐྱོད་པའི་ཡུལ་སྐོར་མེ་འཁོར་ཚང་མའི་ནང་གསོ་རླུང་དང་། ཆེད་ལས་སྨན་དོན་མི་སྣ། དམངས་ཕན་འཕྲལ་སྡོམ་དངོས་ཟོག་བཅས་བཀོད་སྒྲིག་བྱས་ནས། ཡུལ་སྐོར་བར་ལ་དུག་ཕོག་ཚད་ཉུང་དུ་བཏང་བ་རེད། མེ་འཁོར་ནང་ཡུལ་སྐོར་སྣེ་ཤན་པ་དང་། མེ་འཁོར་ཞབས་ཞུ་བ། སྨན་པ་དང་སྨན་གཡོག་བཅས་གཞི་གཅིག་ཏུ་འདུས་པའི་སྣ་འདུས་ཞབས་ཞུའི་ཚོགས་པ་བཙུགས་ནས། ལམ་ཐིག་ཧྲིལ་པོར་བདེ་ཐང་ལྟ་ཞིབ་ཚད་ལེན་དང་། རིག་གནས་འགྲེལ་བཤད། འགྲུལ་བཞུད་འགན་ལེན་བཅས་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།