དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ལྗོངས་ཕྱིའི་ཡུལ་སྐོར།
  • ཞིང་ལས་གྲོང་གསེབ་པུའུ་རྒྱལ་སྤྱིའི་སྤེལ་རེས་ཞབས་ཞུ་ལྟེ་གནས་ཀྱིས་རིམ་རྩིས་བརྒྱབ་ན་ཞིང་ལས་ཕྱི་ཕྱོགས་རོགས་སྐྱོར་གྱི་རིགས་གཅིག་མཁས་ཅན་མངགས་གཏོང་རྣམ་གྲངས་94ཡི་འགན་ཁུར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-24

    ཞིང་ལས་གྲོང་གསེབ་པུའུ་རྒྱལ་སྤྱིའི་སྤེལ་རེས་ཞབས་ཞུ་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི་2025ལོའི་ཞིང་ལས་ཕྱི་ཕྱོགས་རོགས་སྐྱོར་གྱི་རིགས་གཅིག་མཁས་ཅན་མངགས་གཏོང་ལས་དོན་གྱི་ཕྱོགས་སྡོམ་ཚོགས་འདུ་ཉིན་ཤས་གོང་པེ་ཅིང་དུ་འཚོགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལོ་20ཡི་རིང་། ཞིང་ལས་གྲོང་གསེབ་པུའུ་རྒྱལ་སྤྱིའི་སྤེལ་རེས་ཞབས་ཞུ་ལྟེ་གནས་ཀྱིས་རིམ་རྩིས་བརྒྱབ་ན་ཞིང་ལས་ཕྱི་ཕྱོགས་རོགས་སྐྱོར་གྱི་རིགས་གཅིག་མཁས་ཅན་མངགས་གཏོང་རྣམ་གྲངས་94ཡི་འགན་ཁུར་བ་དང་། རྒྱལ་ཁབ་41ལ་རིགས་གཅིག་མཁས་ཅན་མི་ཐེངས་941མངགས་གཏོང་བྱས་ཏེ་རྣམ་གྲངས་45ཡི་ཞིབ་འཇུག་བྱེད་ཆོག་པའི་འཆར་འགོད་དང་རྣམ་གྲངས་28ཀྱི་ཞིབ་བཤེར་རྩིས་ལེན་གྱི་ལས་འགན་ཁུར་ཡོད། ཞིང་ལས་གྲོང་གསེབ་པུའུ་རྒྱལ་སྤྱིའི་སྤེལ་རེས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཀུའུ་ཝེ་པིན་གྱིས། “ལྟེ་གནས་ཀྱིས་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་རོགས་སྐྱོར་བྱ་ཡུལ་རྒྱལ་ཁབ་ལ་ནང་གནས་འཕེལ་ནུས་ཆེ་རུ་གཏོང་རོགས་ཤུགས་ཆེན་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ། ཞིང་ལས་རོགས་སྐྱོར་དེ‘གཞན་བརྟེན’ནས‘རང་བརྟེན’དུ་འགྱུར་རྒྱུར་སྐུལ་འདེད་བཏང་བས་དེའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གང་ལེགས་སོང་ཡོད”ཅེས་བཤད།

    མིག་སྔར། གོ་ལ་ཧྲིལ་པོའི་འབྲུ་རིགས་བདེ་འཇགས་ཀྱི་དུས་བབ་སྔར་བཞིན་ཛ་དྲག་ཡིན་པ་དང་ལྷག་དོན་དུ་ཨ་ཧྥེ་རི་ཁའི་ས་ཁུལ་གྱི་ཞིང་ལས་རྨང་གཞི་ཞན་པ་དང་ཉེན་ཁ་འགོག་པའི་ནུས་པ་མི་འདང་བ། འབྲུ་རིགས་བདེ་འཇགས་ཀྱི་གནད་དོན་མངོན་གསལ་ཤིན་ཏུ་དོད་པས། ཚོགས་ཞུགས་ཕྱོགས་ཁག་གིས་འདས་ཟིན་པའི་ཞིང་ལས་ཕྱི་ཕྱོགས་རོགས་སྐྱོར་ལས་དོན་གྱི་ཕན་འབྲས་ལ་ཕྱིར་དྲན་བྱས་པ་དང་ཆབས་ཅིག ཉམས་མྱོང་སྤེལ་རེས་གང་ལེགས་བྱས་ཏེ་གོམ་སྟབས་རྗེས་མའི་ཞིང་ལས་ཕྱི་ཕྱོགས་རོགས་སྐྱོར་ལས་དོན་གྱི་གཙོ་གནད་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཀྱང་གསལ་པོ་བཟོས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།