ཀྲུང་གོའི་མཚོ་དམག་གི“དར་ལམ་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་པ་པ་ཏོ་སིར་འབྱོར་ནས་སྨན་བཅོས་ཞབས་འདེགས་ཞུ་བ།

འདི་ནི“ཞི་མཐུན་འགན་འཁྲི—2025”ཡི་ལས་འགན་སྒྲུབ་མཁན་ཀྲུང་གོའི་མཚོ་དམག“དར་ལམ་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་པ་པ་ཏོ་སིའི་པུ་རུའི་ཀྲི་ཐོན་གྲུ་ཁར་འབྱོར་བ་དང་། དགའ་བསུ་ཞུ་མཁན་མི་རྣམས་ཀྱིས་སྨན་ཁང་གྲུ་གཟིངས་ཀྱི་འགྲམ་དུ་མཉམ་པར་རྒྱག་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་རུའི་ཀྲི་ཐོན་ནས་ཟླ་12ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་20ཉིན།“ཞི་མཐུན་འགན་འཁྲི-2025”ཡི་ལས་འགན་སྒྲུབ་མཁན་ཀྲུང་གོའི་མཚོ་དམག་གི“དར་ལམ་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་པ་པ་ཏོ་སིར་འབྱོར་ནས་དུས་ཡུན་ཉིན་7གྱི་མཛའ་གྲོགས་འཚམས་འདྲི་བྱ་རྒྱུ་དང་འབྲེལ་སྨན་བཅོས་ཞབས་ཞུ་ཡང་སྒྲུབ་རྒྱུ་རེད། དེ་ནི“ཞི་བདེའི་གྲུ་ཆེན་རྟགས་ཅན”གྱི་སྨན་ཁང་གྲུ་གཟིངས་2015ལོར་འཚམས་འདྲིར་ཡོང་ཚུན། ཀྲུང་གོའི་མཚོ་དམག་སྨན་ཁང་གྲུ་གཟིངས་པ་པ་ཏོ་སིར་འབྱོར་ཐེངས་གཉིས་པ་རེད།
ས་གནས་དེ་གའི་དུས་ཚོད་སྔ་དྲོའི་ཆུ་ཚོད་10པར།“དར་ལམ་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་པུ་རུའི་ཀྲི་ཐོན་གྲུ་ཁར་དལ་བུར་འབྱོར་བ་དང་། པ་པ་ཏོ་སིའི་འབྲེལ་ཡོད་དམག་སྲིད་དཔོན་རིགས་དང་དེ་བཞིན་པ་པ་ཏོ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་ལས་དོན་པ་དང་། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ། ཀྲུང་གོའི་མ་འཇོག་ལས་ཁུངས་ཀྱི་འཐུས་མི་སོགས་ཀྱིས་གྲུ་ཁར་བསུ་བ་ཞུས་པ་རེད།
འཚམས་འདྲི་བྱེད་རིང་། “དར་ལམ་གྲུ་ཆེན”རྟགས་ཅན་སྨན་ཁང་གྲུ་གཟིངས་ཀྱིས་པ་པ་ཏོ་སིའི་དམངས་ཚོགས་ལ་ཁོག་ནད་ཚན་ཁག་དང་། ཕྱི་ནད་ཚན་ཁག རུས་ནད་ཚན་ཁག མོ་ནད་བུ་བཙའི་ཚན་ཁག ཁ་སྦུག་ཚན་ཁག་སོགས་ཚུད་པའི་རིན་མེད་ནད་བརྟག་སྨན་བཅོས་ཞབས་ཞུ་སྒྲུབ་རྒྱུ་དང་དུས་མཚུངས། སྨན་བཅོས་ཡན་ལག་རུ་ཁག་ས་གནས་དེ་གའི་སྨན་ཁང་དུ་བདེ་ཐང་ཞབས་ཞུའི་སྤེལ་རེས་བྱེད་པར་མངག་རྒྱུ་དང་འབྲེལ་པ་པ་ཏོ་སིའི་རྒྱལ་སྲུང་དམག་དང་སྨན་བཅོས་དང་ལུས་རྩལ་མཐུན་འབྲེལ་གྱི་བྱེད་སྒོ་སྤེལ་རྒྱུ་དང་གྲུ་གཅལ་སྣེ་ལེན་ཚོགས་འདུ་འཚོག་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།