དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་གསེབ་ཡུལ་སྐོར་བརྟན་ཐོག་ཡར་འཕེལ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-24

    ད་ལོ་ཚུན་དུ་ཉིང་ཁྲི་གྲོང་ཁྱེར་གྱིས་འཛམ་གླིང་རིམ་པའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དམིགས་སའི་ངེས་གནས་གཏོད་རྒྱུར་དམ་པོར་དམིགས་ཤིང་། སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་སྤྱད་དེ་ཡུལ་སྐོར་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་དང་། གྲོང་གསེབ་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད། རིག་གནས་དང་ཡུལ་སྐོར་ཟུང་འབྲེལ་བཅས་མཐའ་འཁྱོངས་ཀྱིས་ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་མཉམ་སྐུལ་གྱི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་ཏེ། གྲོང་གསེབ་ཡུལ་སྐོར་དེ་མཐའ་བརྟན་མཐའ་དར་དང་། ཞིང་སྐྱོར་འབབ་འཕར། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོན་ལས་ཀྱི་རྟེན་ས་གལ་ཆེན་ཏུ་སྐྱེད་སྲིང་བྱས་ནས། གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་བརྟན་ཁྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་བཏང་ཡོད། ཟླ་བ་དང་པོ་ནས་བཅུ་གཅིག་པའི་བར་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་གསེབ་ཡུལ་སྐོར་གྱིས་རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་241.15ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར་3.58བྱུང་བ་དང་། གྲོང་གསེབ་ཡུལ་སྐོར་ནང་ཞིང་འབྲོག་པ་མི་ཐེངས་ཁྲི་3.15ཞུགས་པར་ཡོང་འབབ་སྒོར་དུང་ཕྱུར་1.37བྱུང་ནས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་4300ལྷག་ཙམ་ཟིན་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཉིང་ཁྲི་གྲོང་ཁྱེར་གྱིས་ཇ་ལོ་དང་། ཤ་མོ། བོད་སྨན་གྱི་སྨན་རྒྱུ། ཁྱད་ལྡན་ཤིང་འབྲས་སོགས་ཤིང་འབྲས(ནགས་ཁྲོད)མུ་མཐུད་བཏབ་པར་བརྟེན། གྲོང་གསེབ་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་རྫས་སྣ་ཚོགས་བཏོད་པ་དང་། ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོའི་ཡུལ་སྐོར་ལམ་ཐིག་དང་། འབྲུག་ལ་རོང—བྲག་གསུམ་མཚོའི་སྐྱེ་ཁམས་ཡུལ་སྐོར་ཁུལ། རྒྱལ་ལམ་219མཐའ་མཚམས་ཡུལ་སྐོར་ལམ་ཐིག སྒེར་འཁོར་བཏང་ནས་ཁམ་བུའི་མེ་ཏོག་ལ་ལྟ་བའི་ཡུལ་སྐོར་སོགས་ཡུལ་སྐོར་ལམ་ཐིག་རྩེ་གྲ་ཁག་གཅིག་ལེགས་གཏོང་དང་གསར་སྤེལ་བྱས་པ། བྲག་ཡིབ་ཆུས་ཀླུ་སྟེང་གྲོང་ཚོ་དང་། ཀོང་པོ་རྒྱ་མདའ་རྫོང་གི་ཐའེ་ཀྲའོ་གྲོང་ཚོ། སྤོ་བོ་རྫོང་གི་ཀ་གནམ་གྲོང་ཚོ་སོགས་ཁྱད་ལྡན་དམངས་སྲོལ་གྲོང་ཚོ་མང་པོ་རིམ་སྤོར་བྱས་པ། “རིག་གནས་ཡུལ་སྐོར་+”གྱི་རྣམ་པར་བརྟེན་ནས་ཐོན་ལས་མཉམ་འགུལ་བྱེད་ཟབ་ཏུ་བཏང་སྟེ་མི་ནག་གི་འཆམ་དང་ཀོང་པོའི་སྒྲ་སྙན་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་100ལྷག་ཙམ་དང་རིག་གནས་བསམ་བཀོད་ཐོན་རྫས་སྣ་ཚོགས་འགྲེམས་འཁྲབ་དང་འགྲེམས་ཚོང་བྱས་པ་རེད། གསར་བརྗེའི་ཞིབ་སློབ་དང་། སྤྲོ་གསེང་འཐུ་བསྡུ། ཇ་ལོ་འཐོག་ནས་བྲོ་བ་མྱོང་བ། སྡོང་ཕུང་སྔོག་པ་སོགས་རྣམ་པ་སྣ་ཚོགས་དང་ཞུགས་མང་བའི་གྲོང་གསེབ་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་གྲོང་གསེབ་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་གསོན་ཤུགས་གསར་པ་བསྣན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།