ས་མཐོའི་སྐྱེ་ཁམས་མཛེས། འདབ་ཆགས་ཅི་དགར་རོལ།

འདི་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཁོངས་ཀྱི་བྱ་གླག་ཡིན་པ།

འདི་ནི་ལྷ་ས་སྐྱིད་ཆུའི་འགྲམ་གྱི་དུས་བྱ་ཡིན་པ།

འདི་ནི་ལྷ་ས་སྐྱིད་ཆུའི་འགྲམ་གྱི་དུས་བྱ་ཡིན་པ།

འདི་ནི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཁོངས་ཀྱི་ཁྲུང་ཁྲུང་སྐེ་ནག་ཡིན་པ།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་ས་གནས་ཁག་གི་སྐྱེ་ཁམས་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཞིང་། དྭངས་ཤིང་གཙང་བའི་ཆུ་མོ་དང་རྩྭ་ཆུ་བཟང་བའི་འདམ་ར་དག་ལས“འཛམ་གླིང་ཡང་རྩེ”དེ་དུས་བྱ་དགུན་སྒྲོལ་བྱེད་སའི་ཁྱིམ་གཞིས་ལ་རིམ་བཞིན་འགྱུར་བཞིན་ཡོད། སྟོན་མཇུག་དང་དགུན་སྟོད་དུ་གྲང་ངར་རིམ་བཞིན་ཆེ་རུ་འགྲོ་བཞིན་པའི་སྐབས་དུས་བྱ་ཁྱུ་དང་ཁྱུ་ཐག་རིང་བྱང་ཕྱོགས་ནས་ས་མཐོའི་གཙང་འགྲམ་དང་འདམ་རར་འཚོ་སྡོད་བྱེད་པར་ཡོང་བས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན། ཡངས་ཤིང་རྒྱ་ཆེ་བའི་ས་མཐོར་མཆུ་དམར་ཐིང་རིལ་དང་། ཁྲུང་ཁྲུང་མགོ་ཁྲ། ཁྲུང་ཁྲུང་སྐེ་ནག་སོགས་རི་སྐྱེས་འདབ་ཆགས་ཁྱུ་དང་ཁྱུ་མཉམ་དུ་འཛོམས་ནས་བག་ཕེབས་ངང་འཚོ་སྡོད་བྱེད་པ་ལས། རང་ལྗོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལ་ཐོབ་པའི་ཕན་འབྲས་ལ་དེ་བས་བདེན་དཔང་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། སྐྱེ་ཁམས་སླར་གསོའི་འདུ་འགོད་ལག་བསྟར་དང་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་སློབ་གསོ་སྤེལ་བས་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ནུས་ལྡན་ཕྱིན་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། རི་སྐྱེས་འདབ་ཆགས་གནས་སྤོ་དང་བདེ་འཇགས་ངང་དགུན་སྒྲོལ་བྱེད་པ་ནི་རང་བྱུང་ཁམས་ལས་བྱུང་བའི་འདབ་ཆགས་ཀྱི་ལྷན་སྐྱེས་ནུས་པ་ཡིན་ལ། རང་ལྗོངས་ཀྱི་སྐྱེ་ཁམས་དོ་སྙོམས་བྱུང་བའི་་མཚོན་ཚུལ་གལ་ཆེན་ཞིག་དེ་བས་ཀྱང་རེད། སྲོག་ཆགས་དེ་དག་ཡོད་པ་ལས་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། སྐྱེ་ཁམས་མ་ལག་འཁོར་རྒྱུག་བཟང་པོ་ཡོང་རྒྱུར་སྐུལ་འདེད་ཀྱང་ཐེབས་ཡོད།
འབྲེལ་ཡོད་གསར་འགྱུར།