དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ལྗོངས་ཕྱིའི་ཡུལ་སྐོར།
  • གངས་འཁྱགས་ལ་རོལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-12

    འདི་ནི་ཏ་ཡིའུ་གྲོང་རྡལ་གྱི་ཡུལ་མིས་ལུག་ལྤགས་འཕྲོག་རེས་བྱེད་བཞིན་པ།

    འདི་ནི་ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པེར་གྲོང་ཁྱེར་ཀྲ་ལན་ཐུན་ཅིན་ལུང་ཧྲན་རི་བོའི་གངས་ཤུད་ར་བར་ཕྲུ་གུ་ཞིག་གིས་གངས་ཤུད་གློད་སྟངས་སྦྱོང་བཞིན་པ།

    ཤིན་ཅང་ཁྲང་ཅི་ཧུའེ་རིགས་རང་སྐྱོང་ཀྲོའུ་ཅི་མུའུ་སར་རྫོང་ཏ་ཡིའུ་གྲོང་རྡལ་གྱིས་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ལུས་རྩལ་མཉམ་བསྲེས་ཀྱིས་ལུག་ལྤགས་འཕྲོག་རེས་དང་རྟ་རྒྱུག་སོགས་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་རྣམ་པ་ཟབ་པའི་རྩལ་འགྲན་རྣམ་གྲངས་དང་སྤྲོ་སྣང་ལྡན་པའི་བྱེད་སྒོ་སྤེལ་བར་ཡུལ་སྐོར་བ་མང་པོ་ལྟ་བར་སླེབས་ཡོད།

    གངས་འཁྱགས་ཡུལ་སྐོར་དུས་ཚིགས་འཆར་བ་དང་ཆབས་ཅིག་ས་ཆ་མང་པོ་ཞིག་གིས་ཕུན་སུམ་ཚོགས་པའི་གངས་འཁྱགས་ཡུལ་སྐོར་ཐོན་ཁུངས་སྤྱད་དེ། ངོ་མཚར་ཆེ་བའི་རིག་གནས་དང་ལུས་རྩལ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་རྒྱ་ཆེའི་ཡུལ་སྐོར་བ་གངས་འཁྱགས་ལུས་རྩལ་ཉམས་ལེན་དང་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་ལྟ་བར་ཡོང་རྒྱུའི་ཡིད་དབང་བཀུག་ནས་གངས་འཁྱགས་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།