ཟླ་བ་དང་པོ་ནས་བཅུ་གཅིག་པའི་བར་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་ཟོག་སྐྱེལ་འདྲེན་བྱེད་ཚད་བརྟན་པོའི་ངང་འཕར་བ།
ཡུལ་སྐོར་བ་མི་ཐེངས་ཁྲི་749.4སྐྱེལ་འདྲེན་བྱས་པ།
གསར་འགོད་པར་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་བ་དང་པོ་ནས་བཅུ་གཅིག་པའི་བར། བོད་ཀྱི་གནམ་ཐང་ཁག་གིས་དུས་གཏན་གནམ་གྲུ་འབབ་འཕུར་ཐེངས་ཁྲི་6.6འགན་ལེན་བྱས་ནས་ཡུལ་སྐོར་བ་མི་ཐེངས་ཁྲི་749.4སྐྱེལ་འདྲེན་བྱས་པ་དང་དངོས་ཟོག་ཏུན་ཁྲི་5.1དབོར་བ་དུས་མཚུངས་ལས་6.3%དང་། 5.3% 8.1%བཅས་སོ་སོར་འཕར་ནས། བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་སྐྱེལ་འདྲེན་དང་ཐོན་སྐྱེད་ཀྱི་དུས་བབ་སྤྱི་ཡོངས་བརྟན་པ་དང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་རྒྱུན་མཐུད་བརྟན་པོའི་ངང་འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།