སྙིང་རུས་ཆེན་པོས་སྤུས་དག་གྲོང་ཁྱེར་བཏོད། དངོས་སྒྲུབ་འགན་འཁུར་བདེ་སྐྱིད་བཀོད་པ་བྲིས།
—— ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པའི་སྒྲིལ་གླེང་།

འདི་ནི་ལྷ་ས་སྐྱིད་ཆུའི་གཞུང་གི་གྲོང་ཁུལ་དུམ་བུའི(རྔ་ཆེན་ཟམ་ཆེན་ནས་བོད་ལྗོངས་སློབ་ཆེན་སློབ་ཁུལ་གསར་པ་བར་གྱི་དུམ་བུ)སྐྱེ་ཁམས་རྣམ་པ་བཟང་བ(དཔྱད་གཞིའི་པར་རིས) སྐལ་བཟང་ལྷུན་གྲུབ་ཀྱིས་པར་བརྒྱབ།
2023ལོའི་ཟླ་11ཚུན་དུ། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་དང་ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། “ཏང་ཨུད་ཀྱིས་འགོ་ཁྲིད་དང་སྲིད་གཞུང་གིས་འགན་འཁུར་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འགུལ། སྡེ་ཚན་མཉམ་ལས། ཁོངས་མི་མཉམ་ཞུགས། ཕྱོགས་ཡོངས་བཅོས་སྒྲིག་བཅས་བྱེད་པའི”ལས་ཀའི་རྩ་དོན་མཐའ་འཁྱོངས་ཀྱིས་རྩེ་རིམ་ཇུས་འགོད་དང་ལས་དོན་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་ཐོག་ཞིབ་ཕྲ་དང་ཆུང་ཙག་ནས་འགོ་བརྩམས་ཏེ“ཕར་ཆིན་རྒྱག་པའི་སྙིང་རུས”ཆེན་པོས་གྲོང་ཁྱེར་གྱི་བྱེད་ནུས་སྤུས་ཚད་རྒྱུན་ཆད་མེད་པར་གོང་མཐོར་གཏོང་བ་དང་གསར་གཏོད་དང་། སྡོད་མལ་ལ་འཚམ་པ། མཛེས་སྡུག་ལྡན་པ། མཉེན་ཤུགས་ཆེ་བ། ཤེས་དཔལ། བློ་རིག་ལྡན་པ་བཅས་ཀྱི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་སྐྲུན་མགྱོགས་སུ་བཏང་བ་རེད།
བཀོད་སྒྲིག་ཞིབ་ཚགས་ཀྱིས་གྲོང་ཁྱེར་བཅོས་སྒྲིག་གི་འཆར་གཞི་འདིང་བ།
ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ཙུའུ་ཀྲང་དང་།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་ཝང་ཆང་གིས་རྒྱུན་ལས་ཙུའུ་ཀྲང་གཞོན་པ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་གྱིས་སྤྱི་ཁྱབ་སྣེ་ཁྲིད་པ་དང་གཞུང་ལས་ཁང་གི་ཀྲུའུ་རེན་གཅིག་ལྕོགས་བྱས་པའི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། དེའི་འོག་ཏུ་བཅོས་སྒྲིག་བྱ་སྤྱོད་ཆེད་དོན་ཚན་ཁག་8དང་གྲོང་ཁྱེར་སྒྲིག་བཤེར་ཨུ་ལྷན་གྱིས་འགན་འཁུར་བའི་ལྟ་སྐུལ་ཚོགས་ཆུང་དང་གྲོང་ཨུད་དྲིལ་བསྒྲགས་པུས་འགན་འཁུར་བའི་དྲིལ་བསྒྲགས་འཕྲིན་སྤེལ་ཚོགས་ཆུང་གི་ཆེད་དོན་ཚོགས་ཆུང་གཉིས་བཙུགས་ཡོད། རྫོང(ཆུས)ཁག་དང་བྱེད་ནུས་གླིང་ཁུལ་ཁག་གིས་དེ་མཚུངས་ཀྱི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། གྲོང་ཁྱེར་ཡོངས་ཀྱི་གོང་འོག“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོ་བཙུགས་ཏེ། སྤྱི་ཡོངས་ཀྱི་འདུ་ཤེས་དང་རྒྱུད་རིམ་ལྡན་པའི་བསམ་གཞིགས་ལ་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་མཐོ་བ་དང་། ཚད་གཞི་མཐོ་བ། ལས་ཕྱོད་ཆེ་བ་བཅས་ཀྱི་སྒོ་ནས་ལས་དོན་ཁག་ལ་སྤྱི་འདོམས་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་འཐབ་ཇུས་ཕྱར་བ་གྲུ་འདེགས་ངང་དམ་འཛིན་བྱས་ཐོག་ནུས་ཤུགས་ཡོད་རྒུ་བཏོན་ནས་དམངས་འཚོའི་བདེ་སྐྱིད་ཀྱི་འཆར་གཞི་བཏིང་བ་རེད།
ལྷ་ས་གྲོང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་སྤྱི་ཡོངས་ནས་བཀོད་སྒྲིག་བྱས་པའི་འོག་རིམ་ཁག་སྡེ་ཚན་ཁག་གིས་རང་འགུལ་ངང་རང་འགན་ཐེག་པ་ཁུར་ལེན་བྱས་ཏེ་འགན་འཁྲི་ནན་ཏན་བསྒྲུབས་པ་དང་རྣམ་པ་ཇེ་ཡག་ཏུ་གཏོང་བ་དང་། ཁྲིམས་འགལ་གྱི་སྐྲུན་དངོས་བཤིག་པ། སྒྲིག་བཀོད་ལེ་ལག་ཚང་བ། ཁོར་ཡུག་བཅོས་སྒྲིག་ཆེན་པོ། ཐོན་ལས་འཕེལ་རྒྱས་ཆེན་པོ། རིག་གནས་སྔོག་འདོན་ཆེན་པོ། ཡུལ་ལྗོངས་འཛུགས་སྐྲུན་ཆེན་པོ་བཅས་ལ་མཉམ་དུ་དམ་འཛིན་དང་གྲོང་ཁྱེར་གྱི་རྣམ་པ་དང་། ལས་རྣམ། རིག་གནས་རྣམ་པ། སྐྱེ་ཁམས་བཅས་ཀྱི་རྣམ་པ་བཞི་གཅིག་གྱུར་གྱི་བསམ་ཕྱོགས་ལྟར། གྲོང་ཁྱེར་འཛུགས་སྐྲུན་གྱི་སྒྲིག་བཀོད་བཅོས་སྒྲིག་དང་། འགྲོ་ལམ་འགྲིམ་འགྲུལ་བཅོས་སྒྲིག ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག བདེ་འཇགས་ཐོན་སྐྱེད་བཅོས་སྒྲིག གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྔོ་ལྗང་བཅོས་སྒྲིག ཁྲོམ་ར་ཚད་ལྡན་བཅོས་སྒྲིག ཐག་གཅོད་བྱེད་རྒྱུར་བསྡད་པའི་གནད་དོན་བཅོས་སྒྲིག་སོགས“བྱ་སྤྱོད་ཆེན་པོ་བརྒྱད”ལག་བསྟར་བྱས་ཏེ། འཐབ་ཇུས་རང་བཞིན་དང་སྔ་བསམ་ཕྱི་བལྟས་རང་བཞིན་གྱི་མིག་རྒྱང་ཐོག་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་ལས་དོན་འཆར་འགོད་བྱས་ཐོག་མཐོང་རྒྱུ་ཡོད་པ་དང་ཚོར་རྒྱུ་ཡོད་པའི་གྲོང་ཁྱེར་དེང་རབས་ཅན་གྱི་བཅོས་སྒྲིག་གི་མཛེས་སྡུག་ལྡན་པའི་འཆར་གཞི་ཞིག་རིམ་བཞིན་བཏིང་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་ཆེ་བ་དང་། དེ་བས་འགན་སྲུང་ཐུབ་པ། དེ་བས་རྒྱུན་མཐུད་ཆོག་པ་བཅས་བྱུང་བ་རེད།
གཙོ་གནད་ལ་དམིགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་མཛེས་སུ་དང་སྤུས་ཚད་ལེགས་སུ་བཏང་བ།
ལྷ་སའི་ཁྲོམ་གཞུང་དང་སྲང་ལམ་དུ་འཆམ་འཆམ་བྱས་ཚེ་འགྲོ་ལམ་ཡངས་ཤིང་གཙང་སྦྲ་དོད་པ་དང་རླངས་འཁོར་འཇོག་ས་གོ་རིམ་ལྡན་པ། རི་སྔོན་དང་ཆུ་དྭངས་ཕན་ཚུན་གཅིག་ལ་གཅིག་བརྒྱན་དུ་གྱུར་བ་བཅས་མདོར་ན་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་འདུན་པ་དེ་རིམ་བཞིན་དངོས་ཡོད་དུ་གྱུར་ནས་སྐྱེ་ཁམས་སྡོད་མལ་གྱི་ལྷ་ས་འཛུགས་སྐྲུན་གྱི་གསོན་ཉམས་ལྡན་པའི་རྣམ་པ་རེ་རེ་བཞིན་མངོན།
ལྷ་ས་གྲོང་ཁྱེར་གྱིས་མི་རྩ་བར་འཛིན་རྒྱུར་མཐོང་ཆེན་བྱས་ཏེ། དམངས་འདུན་ཉན་པ་དང་། དམངས་ཀྱི་རེ་འདུན་ཐག་གཅོད་བྱེད་པ། དམངས་ཀྱི་གནས་ཚུལ་ལ་དོ་ཁུར་བྱེད་པ། དམངས་ཀྱི་བློ་གྲོས་བསྡུ་ལེན་བྱེད་པ་བཅས་བརྒྱུད་གྲོང་ཁྱེར་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་དང་ཞིབ་ཚགས་ཀྱི་གཉེར་སྐྱོང་ཐད་ཕྱོགས་ཡོངས་ནས་འགག་སྒྲོལ་བྱས་ཏེ། ལམ་ངོས་འབར་འབུར་སྨི་ངོས་གྲུ་14738དང་། མི་འགྲོ་སའི་ལམ་ངོས་སྨི་ངོས་གྲུ་28759 ཁྲོན་པའི་ཁེབས་གཅོད་869བཅས་ཉམས་གསོ་བྱས་པ་དང“ཚོན་ལྡན་སྣུམ་སྙིགས”སྤྱད་དེ་ལོ་རྒྱུས་ཁྲོམ་གཞུང་གི་ལམ་ངོས་སྨི་ངོས་གྲུ་3000ཉམས་གསོ་བྱས་པ། སྤྱི་ལེ་135.53ཟིན་པའི་གྲོང་ཁྱེར་གྱི་གཞུང་ལམ་55ཡི་ལམ་རྒྱུད་ཀྱི་ལམ་སྒྲོན་6266གསར་དུ་བརྗེས་པ། གཞུང་ལམ་རྙིང་པ་རྒྱ་བསྐྱེད་དང་སྒྱུར་བཀོད་བྱས་པ། སྒྲིག་ཆས་རྙིང་པ་གསར་དུ་བརྗེས་པ། མདོང་དྲའི་བཀོད་པ་ལེགས་སུ་བཏང་བ། རླངས་འཁོར་འཇོག་ས་མང་དུ་བཏང་བ་བཅས་བྱས་པས་གྲོང་ཁྱེར་འཛུགས་སྐྲུན་གྱི་སྒྲིག་བཀོད་ནུས་པ་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པར་གྲོང་ཁྱེར་གྱི་འཁོར་རྒྱུག་དེ་བས་ལས་ཕྱོད་ཆེ་བ་དང་མང་ཚོགས་ཀྱི་འཚོ་བ་དེ་བས་སྟབས་བདེ་རུ་སོང་ཡོད།
ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་གྱི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་བཏང་ནས་ཁྲོམ་གཞུང་དང་སྲང་ལམ་དང་། ཚོང་འདུས། ཁོངས་གཏོགས་ཁུལ་གྱི་གཞུང་ལམ་དང་ནང་ཁུལ་ཆུ་བོ་སོགས་གཙོ་གནད་དུ་བཅོས་སྐྱོང་བྱས་ཏེ་གྲོང་ཁྱེར་གྱི་གཙང་སྦྲ་དོ་དམ་ཡོངས་སུ་ཁྱབ་པར་སྐུལ་འདེད་བཏང་ཡོད། མང་ཚོགས་ཀྱིས་ཁང་པའི་རྒྱབ་མདུན་དུ་མེ་ཏོག་དང་རྩྭ་རྩི་ཤིང་སྣ་ཚོགས་འདེབས་རྒྱུར་ལྕག་སྐུལ་བྱས་ནས་མཛེས་སྡུག་ལྡན་པའི་སྒོ་ར་བསྐྲུན་ཡོད།
ལྷ་ས་གྲོང་ཁྱེར་གྱིས་དུས་དང་རྣམ་པ་ཀུན་ཏུ“བདེ་འཇགས་ཀྱི་རྩ་བ”དམ་པོར་བཟུང་བ་དང“འགན་འཁྲིའི་དྲ་རྒྱ”དམ་དུ་བཏང་སྟེ་འགན་འཁྲིའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། འགན་འཁྲི་དང་ལས་འགན་ཞིབ་ཕྲ་དབྱེ་འབྱེད་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་དང་། སྣུམ་རླངས། འཛུགས་སྐྲུན་ཨར་ལས། གཏེར་རི་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་པོ་དང་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་སྤེལ་བས་རིམ་རྩིས་བརྒྱབ་ན་བཟོ་ཚོང་གཏེར་རིའི་ཁེ་ལས་ཐེངས་2149མཐིལ་རྟོག་ཞིབ་བཤེར་བྱས་པར་གནད་དོན་གལ་ཆེན་དང་མངོན་མེད་རྐྱེན་ངན་114ཤེས་རྟོགས་ཐུབ་པ་ཚང་མ་བཅོས་སྒྲིག་ལེགས་གྲུབ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་ཡོད།
ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་སྔོ་འགྱུར་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཚན་རིག་དང་མཐུན་པའི་ངང་གྲོང་ཁྱེར་གྱི་སྔོ་ལྗང་གི་བཀོད་པ་འཆར་འགོད་དང་སྣ་མང་ཅན་གྱི་རྩི་ཤིང་ལ་སྲུང་སྐྱོང་དང་བེད་སྤྱོད་བྱ་རྒྱུར་མཐོང་ཆེན་བྱས་ཏེ། སྔོ་འགྱུར་བདག་སྐྱོང་དོ་དམ་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། སྒོ་རའི་སྔོ་འགྱུར་རྣམ་གྲངས་ཁག་179ལ་སྤྱི་འདོམས་སྐུལ་འདེད་བཏང་བ་ལས་ཁག་178ལེགས་གྲུབ་བྱུང་སྟེ། སྔོ་འགྱུར་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་157གསར་སྣོན་བྱུང་བ། སྡོང་ཕྲུག་ཁྲི་462.94དང་སྤང་སྨི་ངོས་གྲུ་ཁྲི་102.91འདེབས་འཛུགས་བཅས་བྱས་ཡོད།
ལྷ་ས་གྲོང་ཁྱེར་གྱིས་མི་དམངས་བློ་ཡིད་ཚིམ་པ་དམིགས་ཚད་དུ་བཟུང་སྟེ་ཁྲོམ་རའི་ཞབས་ཞུའི་ནུས་པ་ཆེ་རུ་ཤུགས་ཆེན་བཏང་ནས་ཧེང་ཐུང་དང་གདོང་དཀར་སོགས་གཙོ་གནད་ཀྱི་ཁྲོམ་ར་ཁག་12སྒྱུར་བཀོད་བྱས་པ་དང་། རྗེན་ཟས་སོས་པ་དང་། སྐམ་ཟོག ཆུ་ཐོན་སོགས་བྱེད་ནུས་ཁུལ་ཆེན་པོ་8དབྱེ་ནས་ཟས་རིགས་བདེ་འཇགས་སྤྱི་ཁྱབ་ལྟ་ཞིབ་པ་དང་ཟས་རིགས་བདེ་འཇགས་མི་སྣ་བཀོད་སྒྲིག་100%བྱས་ཏེ། སྟོབས་ཤུགས་གཅིག་སྡུད་ཀྱིས་ཁྲོམ་རའི་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ཡོད།
ལྷ་ས་གྲོང་ཁྱེར་གྱིས་ཐག་གཅོད་བྱེད་རྒྱུར་བསྡད་པའི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་དམངས་འཚོ་དོན་ཆེན་ཡིན་པའི་འདུ་ཤེས་མཐའ་འཁྱོངས་དང་། མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ཏེ། འགག་སྒྲོལ་དཀའ་སེལ་དང་དཀའ་བ་དང་ལེན་གྱི་ཆོད་སེམས་ལ་བརྟེན་ནས་ལག་ལེན་དུ་འཁྱོལ་ཐུབ་པའི་བཅོས་སྒྲིག་ཇུས་གཞི་བཟོས་ཏེ་བརྟག་ཞིབ་གྲལ་བཤེར་དང་། གསལ་ཐོ་གསེད་བཀྲོལ། གནས་ཚུལ་ཞིབ་བཤེར། ས་ཡུལ་དངོས་སུ་གཏན་འཁེལ། རྩིས་སྤྲོད་ཐོ་སུབ་བཅས་ཀྱི་ལས་ཀའི་གོ་རིམ་གཏན་འཁེལ་བྱས་ཏེ། མང་ཚོགས་ཉེ་འགྲམ་གྱི་སེམས་ཁྲལ་བྱེད་ས་དང་། སུན་སྣང་བྱེད་ས། སེམས་ནད་ཆེ་སའི་གནད་དོན་བཅས་ནུས་ཆེའི་ངང་ཐག་གཅོད་བྱས་ཡོད།
རྒྱུན་རྣམ་དང་ལས་ཕྱོད་ཆེ་བའི་སྒོ་ནས་གྲོང་མིའི་བདེ་སྐྱིད་ཀྱི་སྟོན་གྲངས་མཐོ་རུ་བཏང་བ།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་གི་ཐབས་ལམ་དང་བསྟུན་ནས་མི་དམངས་གོང་དུ་བཀུར་བའི་ཐོག་མའི་བསམ་འདུན་མཐའ་འཁྱོངས་བྱས་ཏེ། ལྷ་ས་གྲོང་ཁྱེར་གྱིས“མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་སྐྲུན། མི་དམངས་ཀྱི་གྲོང་ཁྱེར་གྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི”འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ནས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་རྒྱུ་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་འཐབ་ཇུས་ལག་བསྟར་བྱེད་པའི་འགོ་ཚུགས་ས་དང་དོན་ལ་བབ་སར་བྱས་ཏེ། “སྐབས་ཐོག་བཅོས་སྐྱོང”མངོན་གསལ་དོད་པ་དང“ཕུགས་ཕན་སྲོལ་འཛུགས”ལ་མཐོང་ཆེན་བྱེད་པ་དང་། ལས་ཀའི་བྱེད་ཐབས་ཞིབ་ཕྲ་བཟོ་བ། སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྒྱུན་རྣམ་དང་ལས་ཕྱོད་ཆེ་བའི་ཐད་ཤུགས་རྒྱག་པ་བཅས་བྱས་ཏེ། “བཅད་ཁ་ཆུང་ངུའི”ནུས་པ་འདོན་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ལ་གྲོང་ཁྱེར་དོ་དམ་ཞིབ་ཚགས་དང་སྤྱི་པའི་ཞབས་ཞུ་ཡག་པོ་བསྒྲུབས་ཏེ། མཛེས་སྡུག་ལྡན་པའི་འཚོ་བ་ཚོར་ཐུབ་པར་བྱས་ནས་གྲོང་ཁྱེར་བཅོས་སྐྱོང་གི་སྤུས་ཁ་དག་ཚད་དེ་རྒྱུན་ཆད་མེད་པར་དམངས་འཚོར་ཞབས་འདེགས་ཞུ་བའི་སེམས་རྩ་འཁོལ་ཚད་དུ་འགྱུར་བར་བྱ་རྒྱུ་རེད།
སླད་ཕྱིན། ལྷ་ས་གྲོང་ཁྱེར་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། གྲོང་ཁྱེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར། ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་འབྲེལ་ཡོད་མཛུབ་སྟོན་བླང་བྱ་དོན་འཁྱོལ་བཅས་བྱས་ཏེ“མི་དམངས་ལྟེ་བར་འཛིན་རྒྱུ”གྲོང་ཁྱེར་བཅོས་སྐྱོང་གི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། “བྱས་རྗེས་ལ་ཐོབ་རྩོད་མི་བྱེད་པའི”བསམ་བློ་གཏོང་ཕྱོགས་དང“བྱས་རྗེས་འཇོག་པར་ངེས་པར་དུ་ང་ཡོད་དགོས་པའི”འགན་འཁྲི་ཁུར་སེམས་ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་གི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། རྒྱུན་རྣམ་དང་ལས་ཕྱོད་ཆེ་བའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཞིབ་ཕྲ་ཅན་དང་། རིག་ནུས་ཅན། རྒྱུན་རྣམ་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱི་ནུས་པ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་གཏོང་བ། གྲོང་ཁྱེར་གྱི་གསོན་ཤུགས་འཕེལ་བར་བྱེད་པ་བཅས་བྱས་ཏེ། ལྷ་ས་འདི་ཉིད“གནས་དེ་གའི་མིས་སྤོབས་སེམས་སྐྱེ་ས་དང་ཡུལ་གཞན་གྱི་མིས་ཡིད་སྨོན་བྱེད་སའི”ས་མཐོའི་དྭངས་གསལ་མུ་ཏིག་ལྟ་བུའི་གྲོང་ཁྱེར་དུ་ཧུར་ཐག་བསྐྲུན་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།