དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • “གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས”ཞེས་པའི་2025ལོའི་ལྷ་སའི་རིག་གནས་དང་ཡུལ་སྐོར་གྱི་འོས་སྦྱོར་འདུ་ཚོགས་ཧྥུའུ་ཀྲོའུ་རུ་གཉེར་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-11-14

    ཉེ་ཆར། “གངས་ལྗོངས་གནའ་གྲོང། གནས་མཆོག་ལྷ་ས”ཞེས་པའི་2025ལོའི་ལྷ་སའི་རིག་གནས་དང་ཡུལ་སྐོར་གྱི་འོས་སྦྱོར་འདུ་ཚོགས་ཧྥུའུ་ཀྲོའུ་རུ་གཉེར་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོའི་ནང་རིག་གནས་ཡུལ་སྐོར་འགྲེམས་སྟོན་དང་། གླུ་གར་འཁྲབ་སྟོན། མཉམ་འགུལ་ཉམས་ལེན་བཅས་བྱས་པ་བརྒྱུད་ཧྥུའུ་ཀྲོའུ་གྲོང་མི་དང་ཡུལ་སྐོར་ལས་རིགས་ལ་ཟུར་ཚད་མང་པོ་ནས་ལྷ་སའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པ་རེད། ལྷ་སའི་རིག་གནས་དང་ཡུལ་སྐོར་གྱི་འོས་སྦྱོར་དཔོན་གྱིས་རིག་གནས་ཤུལ་བཞག་དང་། དམངས་སྲོལ་ཉམས་ལེན། བླ་མཚོར་རྐང་ཐང་དུ་སྐྱོད་པ་སོགས་ཚུད་པའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”གྱི་ཁྱད་ལྡན་ཐོན་ཁུངས་གཙོ་གནད་ཐོག་ངོ་སྤྲོད་བྱས་པ་རེད། ཕུན་སུམ་ཚོགས་པོའི་བོད་ཀྱི་གླུ་གར་དང་བྱེ་མའི་བརྙན་རིས་འཁྲབ་སྟོན་ལས་ས་ཡུལ་དངོས་ཀྱི་ལྟད་མོ་བར་གངས་ལྗོངས་ས་མཐོའི་མི་ཆོས་རིག་གནས་དང་ཡུལ་ལྗོངས་ལ་དབྱིངས་ཞུགས་པའི་ཚོར་སྣང་སྦྱིན་ཡོད།

    འོས་སྦྱོར་འདུ་ཚོགས་གྲོལ་རྗེས། ཡུལ་ལུང་གཉིས་ཀྱི་རིག་གནས་དང་ཡུལ་སྐོར་སྡེ་ཚན་དང་ཁེ་ལས་ཀྱི་འཐུས་མིས་ལས་རིགས་གཅིག་པའི་ངོ་འཕྲད་གྲོས་མོལ་འདུ་ཚོགས་གཉེར་ཞིང་། ཡུལ་སྐོར་ཐོན་རྫས་གསར་སྤེལ་དང་ལམ་ཐིག་མཉམ་སྐྲུན་སོགས་ཀྱི་ཐད་དངོས་སྒྲུབ་སྤེལ་རེས་བྱས་པ་མ་ཟད། མཉམ་ལས་བྱས་ནས་ཁྱད་ལྡན་བརྗོད་དོན་གཙོ་བོའི་ལམ་ཐིག་གསར་སྤེལ་བྱ་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་ཡང་བྱུང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།