དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ཚང་ཚིང་ནགས་ཀྱིིས་བསྐོར་བའི་གྲོང་ཁྱེར་ན། སྐྱེ་བོའི་ཚོགས་རྣམས་བག་ཕེབས་ཅི་དགར་རོལ།

    ——ལྷ་སའི་སྤྱི་གླིང་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-05

    འདི་ནི་ལྷ་སའི་མཐུན་སྒྲིལ་སྤྱི་གླིང་གི་སྐྱེ་ཁམས་མཚེའུ་ཡིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་ནགས་ཚལ་མེ་གསོད་རུ་ཆེན་གྱི་དཔོན་དམག་གིས་ལྷོ་རིའི་སྤྱི་གླིང་དུ་སྐོར་གཡེང་གི་ལས་འགན་སྒྲུབ་བཞིན་པ།

    འདི་ནི་གྲོང་མིས་ལྷ་སའི་མཐུན་སྒྲིལ་སྤྱི་གླིང་དུ་ལྟ་སྐོར་དང་འཆམ་འཆམ་བྱེད་བཞིན་པ།

    འདི་ནི་གྲོང་མིས་གཙང་འགྲམ་སྤྱི་གླིང་དུ་འཆམ་འཆམ་བྱེད་བཞིན་པ།

    འདི་ནི་ལྷ་སའི་ལྷོ་རིའི་སྤྱི་གླིང་ཡིན་པ།

    འདི་ནི་གྲོང་མིས་རྫོང་རྒྱབ་ཀླུ་ཁང་དུ་སྒོར་གཞས་འཁྲབ་བཞིན་པ།

    འདི་ནི་གྲོང་མི་དང་ཡུལ་སྐོར་བས་རྫོང་རྒྱབ་ཀླུ་ཁང་དུ་ལུས་སྦྱོང་བྱེད་བཞིན་པ།

    འདི་ནི་ལྷ་སའི་ཞི་མཐུན་སྤྱི་གླིང་དུ་རྒན་རྒོན་གྱིས་གཅེས་ཁྱི་ཁྲིད་ནས་ངལ་གསོ་བཞིན་པ།

    འདི་ནི་གྲོང་མིས་ལྷ་ཀླུ་འདམ་ར་ནས་རྒྱང་ཤེལ་སྤྱད་དེ་ཕོ་བྲང་པོ་ཏ་ལའི་མཛེས་ལྗོངས་ལ་ལྟ་བཞིན་པ།

    ལྷ་ས་གྲོང་ཁྱེར་གྱིས“གྲོང་ཁྱེར་ནགས་ཀྱིས་བསྐོར་བ་དང་། ལམ་རྒྱུད་སྔོ་ལྗང་གིས་བརྒྱན་པ། སྡོད་ཁང་ཡུལ་ལྗོངས་ཁྲོད་གནས་པ། མི་རྣམས་མཛེས་ལྗོངས་ཁྲོད་རོལ་བ”བཅས་ཀྱི་གྲོང་ཁྱེར་གྱི་ཁོར་ཡུག་གཏོད་རྒྱུར་རྩེ་གཅིག་ཏུ་འབད་བཞིན་མཆིས།

    རིག་གནས་བསམ་བཀོད་གླིང་གི་ཆུང་ལ་སྤུས་ལེགས་ཀྱི་སྤྱི་གླིང་སྟེ། མེ་ཏོག་གི་འདབ་རྒྱ་ལྷུག་པོར་གྲོལ་ཞིང་། རྩྭ་རྩི་ཤིང་གིས་རབ་ཏུ་བརྒྱན་པ་དང་། རྡོ་བཟོ་ལྟ་འདྲ་མིན་སྣ་ཚོགས་བསྒྲིགས་པའི་ལྡུམ་ར་དེ་མཐོང་བ་ཙམ་གྱིས་མི་སེམས་དགའ་བས་མྱོས་པར་བྱེད། གླིང་ཆུང་སྤྱི་གླིང་གི་མེ་ཏོག་ལྡུམ་ར་ཆུང་ངུ་དང་། སྤྲོ་གསེང་ཐང་ཆེན། ལུས་སྦྱོང་བྱ་ཡུལ་བཅས་གཞི་གཅིག་ཏུ་འདུས་པའི“ལམ་ཟུར་སྤྱི་གླིང”དེས་གྲོང་མིར་རོལ་རྩེད་དང་སྦྱོང་བརྡར་བྱེད་ས་མཁོ་འདོན་བྱས་པ་མ་ཟད། དེ་དང་ཆབས་ཅིག་གྲོང་ཁྱེར་གྱི་གནམ་གཤིས་ཇེ་ལེགས་དང་ཐལ་རྡུལ་ཇེ་ཉུང་དུ་བཏང་ནས་གྲོང་མི“ཕྱིར་བསྐྱོད་ན་སྔོ་ལྗང་མཐོང་རྒྱུ་ཡོད་པ་དང་། སྤྱི་གླིང་དང་ལམ་ཐག་ཉེ་བ”བྱུང་ཡོད། ཉིན་ལྟར་ཕྲུ་གུ་ཁྲིད་ནས་སྤྱི་གླིང་དུ་འཆམ་འཆམ་ལ་འགྲོ་གི་ཡོད། “འདི་གར་ཁོར་ཡུག་སྐྱིད་ལ་གང་སར་རྩྭ་རྩི་ཤིང་གིས་ཁེངས་འདུག ད་དུང་བསིལ་གྲིབ་ཀྱང་འདུག་པས་ང་རང་ཕྲུ་གུ་ཁྲིད་ནས་འདིར་ཡོང་རྒྱུར་ཧ་ཅང་དགའ་པོ་ཡོད”ཅེས་གྲོང་མི་ཧུའུ་ལགས་ཀྱིས་བཤད།

    ལྷ་ས་གྲོང་ཁྱེར་གྱིས་སྤྱི་གླིང་འཛུགས་སྐྲུན་བྱེད་སྐབས“སྤྱི་གླིང་རེར་ཁྱད་ཆོས་རེ”ཡོད་པར་བྱས་ནས་ཚང་མ་མི་འདྲ་བ་བཟོས་ཡོད། གྲོང་ཁྱེར་ཨུ་ལྷན་གྱི་ལམ་མདོའི་སྤྱི་གླིང་དུ་མེ་ཏོག་དང་ཡུལ་ལྗོངས་མཉམ་འདྲེས་ཀྱིས་སྤྲོ་སྣང་དང་ངལ་གསོ་གཞི་གཅིག་ཅན་གྱི་སྤྱི་གླིང་ཞིག་བསྐྲུན་ཡོད། གྲོང་ཤར་གཙང་འགྲམ་ལམ་གྱི་སྤྱི་གླིང་སྟེ“སྨྱུག་མའི་སྐྱེད་ཚལ”དེར་སྨྱུག་མ་ལྟེ་བའི་གཞི་རྒྱུར་བྱས་ཤིང་། དེང་རབས་ཀྱི་རྩི་ཤིང་མཉམ་འདྲེས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་ལྗོངས་ཤིག་ཏུ་གྱུར་པས། བེད་མེད་ཀྱི་ཐོན་ཁུངས་བེད་སྤྱོད་ཐུབ་པ་མ་ཟད། ལྟ་རིན་ཡང་ཆེན་པོ་ཡོད།

    ཤེས་རྟོཌ་བྱུང་བར་གཞིགས་ན། མིག་སྔའི་བར། བསྐྲུན་མ་ཐག་པའི་མི་རིགས་མཐུན་སྒྲིལ་སྤྱི་གླིང་དང་བསྐྲུན་ནས་ལོ་མང་སོང་བའི་རྫོང་རྒྱབ་ཀླུ་ཁང་དང་། ལྷོ་རི། གཙང་འགྲམ་སྤྱི་གླིང་སོགས་ཕུད། ལྷ་ས་གྲོང་ཁུལ་དུ“ལམ་ཟུར་སྤྱི་གླིང”70ལྷག་ཙམ་བསྐྲུན་ཡོད། སྐྱིད་སྣང་དོད་པའི“ལམ་ཟུར་སྤྱི་གླིང”རེ་རེས་ལྷ་ས་གྲོང་ཁྱེར་གྱི་སྤུས་ཚད་དང་གྲོང་མིའི་འཚོ་བར་འགྱུར་ལྡོག་གཏོང་བཞིན་ཡོད།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ཁྲོམ་གཞུང་དང་སྲང་ལམ་གྱི་བེད་མེད་ས་ཆ་དང་གྲུ་ཟུར་ཆུང་ངུ་བེད་སྤྱོད་གང་ལེགས་བྱས་ནས། གྲོང་མིའི་ཉེ་འགྲམ་གྱི“ལྗང་མདོག་ཚོམས་ཆེན”བསྐྲུན་པས། གྲོང་མིས་སྒོ་འགྲམ་ནས་སྐྱེ་ཁམས་ཀྱི་ཕན་བདེ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།