2025ལོའི་ཀྲུང་གོའི་ཤམ་བྷ་ལ་ཆེ་མོའི་རིག་གནས་ཡུལ་སྐོར་ཁྱབ་གདལ་མནའ་འབྲེལ་གྱི་མཉམ་འབྲེལ་ཚོགས་འདུ་དང་དྲིལ་བསྒྲགས་ཁྱབ་གདལ་བྱེད་སྒོ་ཆབ་མདོར་སྤེལ་བ།
ཉིན་ཤས་གོང་། 2025ལོའི་ཀྲུང་གོའི་ཤམ་བྷ་ལ་ཆེ་མོའི་རིག་གནས་ཡུལ་སྐོར་ཁྱབ་གདལ་མནའ་འབྲེལ་གྱི་མཉམ་འབྲེལ་ཚོགས་འདུ་དང་དྲིལ་བསྒྲགས་ཁྱབ་གདལ་བྱེད་སྒོ་ཆབ་མདོ་གྲོང་ཁྱེར་དུ་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོར་བོད་ལྗོངས་དང་། སི་ཁྲོན། ཡུན་ནན། ཁྲུང་ཆིང་བཅས་ཞིང་ཆེན་བཞིའི(རང་སྐྱོང་ལྗོངས་དང་གྲོང་ཁྱེར)རིག་གནས་ཡུལ་སྐོར་སྡེ་ཚན་གྱི་འཐུས་མི་དང་། རིག་གནས་དང་ཡུལ་སྐོར་ཁེ་ལས་གཙོ་བོ། ལས་རིགས་མཐུན་ཚོགས། གྲགས་ཅན་སྨྱན་སྦྱོར། དྲ་རྒྱའི་བརྡར་པ་སོགས་མི་བརྒྱ་ལྷག་ཙམ་མཉམ་དུ་འཛོམས་ནས་ཤམ་བྷ་ལ་ཆེ་མོའི་ས་ཁོངས་ཀྱི་རིག་གནས་དང་ཡུལ་སྐོར་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཆར་གཞི་ཆེན་པོར་མཉམ་དུ་གྲོས་མོལ་བྱས་ཏེ། འཛམ་གླིང་རིམ་པའི་ཡུལ་སྐོར་དམིགས་སའི་འཆར་འགོད་བཀོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་མནའ་འབྲེལ་མཉམ་འབྲེལ་ཚོགས་འདུ་ནི་ཤམ་བྷ་ལ་ཆེ་མོའི་ས་ཁོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་གོམ་སྟབས་ཤིག་ཡིན་པ་དང་། བྱེད་སྒོ་སྤེལ་རིང་བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་མནའ་འབྲེལ་གྱི་ཚབ་བྱས་ཏེ་འདས་ཟིན་པའི་ལོ་གཅིག་གི་ལས་ཀའི་གྲུབ་འབྲས་ལ་ཕྱོགས་བསྡོམས་བྱས་པ་དང་འབྲེལ། འབྱུང་འགྱུར་མཉམ་ལས་གཏིང་ཟབ་བྱེད་པར་དགེ་མཚན་ལྡན་པའི་བསམ་འཆར་ཡང་བཏོན་པ་རེད།
འབྲེལ་ཡོད་གསར་འགྱུར།