དགའ་སྤྲོའི་གླུ་དབྱངས་བླངས་ནས་དུས་སྟོན་བསུ། དེང་གི་མངའ་རིས་འཕེལ་རྒྱས་གོམ་སྟབས་མྱུར།
—— མངའ་རིས་ས་ཁུལ་གྱི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དགུ་པའི་སྐོར་རགས་ཙམ་བཀོད་པ།

འདི་ནི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དགུ་པའི་འགོ་ཚུགས་མཛད་སྒོར་མི་མེད་གནམ་གྲུའི་འཁྲབ་སྟོན་བྱེད་བཞིན་པ།

འདི་ནི་འགོ་ཚུགས་མཛད་སྒོར་མངོན་མིན་རིག་གནས་ཤུལ་བཞག་འཁྲབ་སྟོན་བྱེད་བཞིན་པ།

འདི་ནི་འགོ་ཚུགས་མཛད་སྒོའི་ས་ཡུལ་དངོས་ཡིན་པ།

འདི་ནི་མང་ཚོགས་སྐོར་སྐྱོད་བྱེད་སྒོ་སྤེལ་ཡུལ་ཡིན་པ།

འདི་ནི“སྒར་འཆར་ཅན”རྟ་རྒྱུག་འགྲན་བསྡུར་བྱ་ཡུལ་དུ་བདམས་ཐོན་པས་རྟ་རྩལ་འགྲན་བཞིན་པ།

འདི་ནི་མང་ཚོགས་སྐོར་སྐྱོད་བྱེད་སྒོའི་ཁྲོད་ཀྱི་སྤུ་ཧྲེང་རྫོང་གི་རུ་སྟར་གྲུ་བཞིའི་རྣམ་པ་ཡིན་པ།
ཉེ་ཆར། “ས་བབ་གང་ལས་མཐོ། ཡུལ་ལྗོངས་ཀུན་ལས་མཛེས། ཞང་ཞུང་གི་ལས་འཕྲོ། ཀྲུང་ཧྭ་ཡི་བླ་སྲོག” བརྗོད་དོན་གཙོ་བོར་བྱས་པའི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དགུ་པ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། མངའ་རིས་ས་ཁོངས་ཀྱི་རིག་གནས་རྒྱུན་འཛིན་གསར་གཏོད་དང་། མངའ་རིས་ཀྱི་རིག་གནས་དང་ཡུལ་སྐོར་གྱི་སྤུས་རྟགས་ཁྱབ་གདལ་གང་ལེགས་ཐུབ་ནས། ས་གནས་དེ་གའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པ་དང་རིག་གནས་ཡུལ་སྐོར་གྱི་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་སྔོན་དཔག་དམིགས་ཚད་གྲུབ་ཡོད་པ་རེད།
བྱེད་སྒོས་རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ལས་སྣོན་སོགས་ཀྱི་ཐོན་ལས་ཆེན་པོ་ཁག་དགུར་དམིགས་ནས། མཉམ་ལས་རྣམ་གྲངས་ཁག་21དང་སྒྲོམ་གཞིའི་གྲོས་མཐུན་3ལ་མིང་རྟགས་བདེ་བླག་ངང་བཀོད་པར། གྲོས་མཐུན་དངུལ་འབོར་སྒོར་དུང་ཕྱུར་39.4ཟིན་ཡོད། དེ་དང་དུས་མཚུངས། སེང་གེ་ཁ་འབབ་ལུས་རྩལ་ཐང་གི་ཕྱི་རོལ་དུ་ཚོང་འདུས་དང་ཡུལ་སྐོར་དྲན་རྟེན་དངོས་རྫས་འགྲེམས་ཚོང་གཉེར་ཏེ། རིན་པ་མི་དགོས་པར་འགྲེམས་ཚོང་ཁྲོམ་བཀྱག་100ལྷག་ཙམ་མཁོ་འདོན་བྱས་པ་རེད། ཕ་ཁི་སི་ཐན་གྱི་ཚོང་པས་ཁྱེར་བའི་ལག་རྡུང་ཟངས་ཆས་དང་ས་གདན་དང་། མངའ་རིས་ཀྱི་ཡུལ་དེ་གའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་དང་། ལག་ཤེས་ཐོན་རྫས། ཉེར་མཁོའི་དངོས་ཟོག་སོགས་དུས་གཅིག་ཏུ་འགྲེམས་ཚོང་ཚོང་འདུས་ཐོག་བཤམས་པར། རྒྱལ་སྒྲོལ་རིག་གནས་མཉམ་འདྲེས་ཐུབ་ནས། འགྲེམས་ཚོང་ཚོང་འདུས་ལ་རྒྱལ་སྤྱིའི་རྣམ་པ་ཟབ་མོ་བསྣན་ཡོད་པ་རེད།
རིག་གནས་འགྲེམས་འཁྲབ་དང་སྤེལ་རེས་བྱེད་སྒོ་དུས་སྟོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དེ་ནི་མངའ་རིས་རིག་གནས་ཀྱི་ནང་དོན་ཟབ་མོ་མངོན་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད། “གྲོང་རྡལ་དུ་དམངས་སེམས་གཅིག་ཏུ་སྒྲིལ”ཞེས་པའི་བརྗོད་དོན་གཙོ་བོའི་རོལ་དབྱངས་འདུ་ཚོགས་སེང་གེ་ཁ་འབབ་ལུས་རྩལ་ཐང་དུ་གཉེར་བ་དང་། ལྗོངས་ཕྱི་ནང་གི་གཞས་པ་གཞས་མས་མཉམ་དུ་གར་སྟེགས་ཐོག་བརྩེ་སེམས་ཟབ་མོ་ལྡན་པའི་གླུ་དབྱངས་སྙན་མོ་བླངས་ནས། མངའ་རིས་ལ་བཅངས་པའི་དགའ་ཞེན་དང་སྨོན་འདུན་ཞུ་ལུགས་མཚོན་པར་བྱས། “མཁའ་དབྱིངས་ཀྱི་མངའ་རིས། གནའ་ཉམས་དོད་པའི་རྒྱན་གོས”ཀྱི་མི་རིགས་ཀྱི་རྒྱན་གོས་ངོམ་སྟོན་སྐབས་དང་པོས་མི་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག་ཡོད། མཛེས་ཤིང་བབ་ཆགས་པའི་སྤུ་ཧྲེང་གི་ཤོན་ཆས་དང་ཉམས་ཀྱིས་ཕྱུག་པའི་སྒར་གྱི་རྒྱན་གོས་སོགས་མངའ་རིས་ཀྱི་རྫོང་བདུན་གྱི་ཁྱད་ལྡན་རྒྱན་གོས་ཚང་མ་ངོམ་སྟོན་བྱས་ནས། ཁབ་སྐུད་རེ་རེ་ནས་མངའ་རིས་ཀྱི་རྒྱན་གོས་རིག་གནས་ཀྱི་ལོ་ངོ་སྟོང་གི་ཕུན་སུམ་ཚོགས་པའི་ནང་དོན་མཚོན་པར་བྱས་ཡོད། “མཁའ་དབྱིངས་ཀྱི་མངའ་རིས། དགུ་ཚིགས་དང་ཉེ་བཅར”གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་དང་སྐར་ཚོགས་བཀྲ་བའི་རོལ་དབྱངས་འདུ་ཚོགས་གཟབ་རྒྱས་གཉེར་བ་དེས་མངའ་རིས་ཀྱི་མཚན་མོའི་སྤྱི་གླིང་གི“ས་གོ་ལའི་ཕྱེད་བྱང་མའི་སྐར་གཟིགས་བྱ་ཡུལ་ཡག་ཤོས”ཀྱི་སྤུས་རྟགས་དེ་བས་སྐད་གྲགས་ཆོད་པར་བྱས་པ་མ་ཟད། “སྲུང་སྐྱོང་དང་། ཚན་རིག་ཁྱབ་གདལ། རིག་གནས་ཡུལ་སྐོར”བཅས་མཉམ་འདྲེས་འཕེལ་རྒྱས་ཐད་ཀྱི་སྤྱི་གླིང་གི་འཚོལ་ཞིབ་གསར་པར་ཡང་སྐུལ་འདེད་བཏང་ཡོད། མང་ཚོགས་རང་བཞིན་གྱི་རིག་རྩལ་འཁྲབ་སྟོན་འགྲན་བསྡུར་སྐབས་གཉིས་པ་ཞང་ཞུང་རིག་གནས་ཐང་ཆེན་དུ་ཚ་ཚ་འུར་འུར་ངང་གཉེར་འགོ་ཚུགས་ཤིང་། རྫོང་ཁག་གི་སྒྱུ་རྩལ་ཚོགས་པ་དང་མང་ཚོགས་འཁྲབ་སྟོན་པས་གར་སྟེགས་གཅིག་ཏུ་འགྲན་བསྡུར་བྱས་ཏེ། སྐད་གསང་མཐོ་བའི་གླུ་སྒྲ་དང་འཁྲུག་ཆ་དོད་པའི་ཞབས་བྲོའི་སྟངས་སྟབས་ལ་བརྟེན་ནས་མངའ་རིས་ཀྱི་རིག་གནས་ཀྱི་གསོན་ཤུགས་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་མངོན་པར་བྱས།
འབྲེལ་ཡོད་གསར་འགྱུར།