རང་ལྗོངས་ཀྱི་རྣམ་གྲངས་གཉིས“2025ལོའི་ཀྲུང་གོའི་ཡུལ་སྐོར་ཐོན་ལས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཀྱི་དཔེ་མཚོན”དུ་བདམས་པ།
གསར་འགོད་པར་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར། ཟླ་10ཚེས་16ཉིན་འཚོགས་པའི་ཀྲུང་གོའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལོ་ཚོགས་སྐབས་བཅུ་གཉིས་པའི་ཐོག“2025ལོའི་ཀྲུང་གོའི་ཡུལ་སྐོར་ཐོན་ལས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཀྱི་དཔེ་མཚོན”ཡོངས་བསྒྲགས་བྱས་ཤིང་། དེའི་ཁྲོད་བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གི་བསམ་བཀོད་IP“འབྲི་གཡག”རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་དམ་འཛིན་བྱ་གཞི་གསར་པ“2025ལོའི‘རིག་གནས་དང་ཡུལ་སྐོར+’མཉམ་འདྲེས་ཀྱི་ལས་རྣམ་གསར་པ་དང་རྣམ་པ་གསར་པའི་གསར་གཏོད་དཔེ་མཚོན”དུ་བདེ་བླག་ངང་བདམས་ཡོད། “བོད་ཀྱི་མཚན་ལྗོངས་ལ་ལྟ་བའི”བྱེད་སྒོས་སྤུས་རྟགས་གཟུགས་བརྙན་བཏོད་པ་དེ“2025ལོའི་ཡུལ་སྐོར་གཉེར་སྐྱོང་ཁྱབ་གདལ་གྱི་དཔེ་མཚོན”དུ་བདམས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལོ་ཚོགས་ནི་དཔལ་འབྱོར་རིག་གནས་དང་ཡུལ་སྐོར་པུས་ཆོག་མཆན་སྤྲད་པ་དང་། རིག་གནས་དང་ཡུལ་སྐོར་པུའི་ཐོན་ལས་འཕེལ་རྒྱས་སིས་མཛུབ་ཁྲིད་བྱས་པ། ཀྲུང་གོ་ཡུལ་སྐོར་ཚགས་པར་ཁང་གིས་ཇུས་འགོད་གཙོ་གཉེར་བྱས་པའི་རྒྱལ་ཡོངས་ཡུལ་སྐོར་ལས་རིགས་ཀྱི་ཚོགས་འདུ་གཟབ་རྒྱས་ཤིག་རེད། 2012ལོ་ནས་ད་བར་སྐབས་11བདེ་བླག་ངང་འཚོགས་ནས་ཐོན་སློབ་ཞིབ་སྨྱན་སོགས་ཐད་ཀྱི་འཐུས་མི་ཁག་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་པ་མ་ཟད། ལས་རིགས་ཁག་གི་གདེང་འཇོག་བཟང་པོ་རྒྱ་ཁྱབ་ངང་ཐོབ་ཡོད། ཀྲུང་གོ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལོ་ཚོགས་སྐབས་བཅུ་གཉིས་པ་2025ལོའི་ཟླ་10པར་ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་དུ་འཚོགས་པ་རེད། ལོ་ཚོགས་ཀྱི་ནང་དོན་གལ་ཆེན་ཞིག་ཡིན་པའི“2025ལོའི་ཀྲུང་གོའི་ཡུལ་སྐོར་ཐོན་ལས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཀྱི་དཔེ་མཚོན”དེ་ལོ་ཚོགས་ཐོག་དངོས་སུ་ཡོངས་བསྒྲགས་བྱས་ནས། ལས་རིགས་འཕེལ་རྒྱས་ལ་དཔྱད་གཞིར་འཛིན་ས་ཡག་པོ་ཞིག་མཁོ་འདོན་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།