རང་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ངལ་རྩོལ་དང་རྩལ་ནུས་འགྲན་བསྡུར་གཉེར་བ།
ལྷོ་ནུབ་ཀྱི་ཞིང་ཆེན་ལྔ(གྲོང་ཁྱེར་དང་རང་སྐྱོང་ལྗོངས)ཡིས་འཕྲལ་སྡོམ་ལྟ་ཞིབ་ཚད་ལེན་གྱི་མཉམ་འགུལ་ལམ་སྲོལ་གྱི་གྲོས་མཐུན་བཞག་པ།
ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ཆེད་ལས་ལག་རྩལ་མི་སྣའི་ངལ་རྩོལ་དང་རྩལ་ནུས་འགྲན་བསྡུར་སྐབས་ལྔ་པ་ལྷ་སར་གཉེར་བ་རེད། སྐྱེ་ཁམས་ཁོར་ཡུག་པུའི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཞིབ་འཇུག་པ་དང་། སྐྱེ་ཁམས་ཁོར་ཡུག་པུའུ་འབྲི་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་ཅུས་ལྟ་ཞིབ་ཚད་ལེན་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་དང་། དེ་བཞིན་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་མང་པོའི་ལྟ་ཞིབ་ཚད་ལེན་སྒྲིག་གཞིའི་འཐུས་མི་གདན་ཞུས་ལྟར་ཞུགས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ལྗོངས་ཐད་གཏོགས་སྡེ་ཚན་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས། སྤྱི་ཚོགས་ཀྱི་ཕྱོགས་གསུམ་པའི་ཞིབ་དཔྱད་ཚད་ལེན་སྒྲིག་གཞི་སོགས་ཀྱི་ཁྱོན་མི་140ལྷག་ཙམ་ཞུགས་ཡོད་པ་རེད།
ཐེངས་འདིའི་འགྲན་བསྡུར་གྱིས“འགྲན་བསྡུར་ལ་བརྟེན་ནས་སྦྱོང་བརྡར་ལ་སྐུལ་འདེད་དང་། སྦྱོང་བརྡར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད”བཅས་དམིགས་ཡུལ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྐབས་སྔོན་མའི་རྨང་གཞིའི་ཐོག་འགྲན་བསྡུར་གྱི་ནང་དོན་དང་བྱ་ཐབས་ལེགས་སུ་བཏང་སྟེ། རིགས་པའི་གཞུང་ལུགས་དཔྱད་ཞིབ་དང་དངོས་སྤྱོད་དཔྱད་ཞིབ་ཁག་ཆེན་པོ་གཉིས་བཀོད་སྒྲིག་བྱས་ཤིང་། དེའི་ནང་མི་མེད་གནམ་གྲུའི་བརྟག་དཔྱད་དང་ཚོད་ལྟ་དབྱེ་ཞིབ་སོགས་འགྲན་ལམ་མང་པོ་ཚུད་ཅིང་། འགྲན་ཞུགས་མི་སྣའི་ཆེད་ལས་ཀྱི་རྨང་གཞི་དང་དངོས་འཐབ་ནུས་པར་ཕྱོགས་ཡོངས་ནས་ཞིབ་དཔྱད་བྱས་ཡོད། དེའི་རིང་། ལག་རྩལ་སྤེལ་རེས་དང་ལྟ་སྦྱོང་བྱེད་སྒོ་དུས་གཅིག་ཏུ་སྤེལ་ཏེ་གཞི་རིམ་གྱི་ལྟ་ཞིབ་ཚད་ལེན་དཔུང་ཁག་ལ་སློབ་སྦྱོང་ལས་སྟེགས་བསྐྲུན་ནས“བརྒྱུད་རོགས་ཁྲིད་གསུམ”གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།