གཙང་པོའི་ངོགས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ།
ལྷ་སའི་གླིང་ཕྲན་གཉིས་ཁོངས་སུ་རྒྱུ་བའི་ཆུའི་འགྱུར་ལྡོག་སྐོར་བཀོད་པ།
སྟོན་ཟླ་ར་བར། ལ་ཁའི་ཉི་ཟེར་ཁྲོད། ལྷ་ས་གླིང་གཉིས་ཁོངས་ཀྱི་རྒྱུག་ཆུའི་ངོགས་གཉིས་ལས་འོད་མདངས་འཚེར་བཞིན་མཆིས། གྲོང་མི་ཚེ་རིང་སྒྲོལ་མས་ཚ་མོ་ཁྲིད་ནས་ཆུ་སིམ་ཨར་འདམ་ལམ་དུ་སྐྱོད་སྐབས། རྐང་མཐིལ་གྱི་རྡོ་ལེབ་གསལ་པོར་མཐོང་ཐུབ། རྐང་ལམ་གྱི་གཞོགས་གཉིས་སུ་གསར་དུ་བཏབ་པའི་རྩི་ཤིང་དག་རླུང་བུས་དལ་གྱིས་གཡོས་ནས་ལྟ་ན་སྡུག་པའི་ཡུལ་ལྗོངས་ཤིག་ལྷུན་གྱིས་གྲུབ། གློ་བུར་དུ་ཚ་མོས་ཆུ་འགྲམ་གྱི་སྟེགས་བུའི་ཕྱོགས་སུ་རྒྱུགས་ནས་ཆུ་ནང་དུ་ཤར་བའི་གངས་རིའི་གྲིབ་གཟུགས་ལ་མཛུབ་མོ་འཛུཌ་བཞིན་དགའ་ཚོར་ཆེན་པོས“རྨོའོ་ལགས། འདིར་གཟིགས་དང་དེ་འདྲའི་སྙིང་རྗེ་བ་ལའང”ཞེས་བཤད། སྐབས་དེར་ཆུ་བོ་འདི་ནི་ས་བཀྲའི་ཐོག་ཏུ་འཁོད་པའི་ཆུ་མཚོན་གྱི་ཐིག་རིས་སྔོན་པོ་དེ་མིན་པར། རྨོ་བོ་དང་ཚ་མོ་གཉིས་ཀྱི་འདྲེན་བྱེད་ཡུལ་དུ་གྱུར་པའི་མཛེས་ལྗོངས་ཤིག་རེད།
“སྔོན་ཆད་འདི་གར་ངལ་གསོ་རྒྱག་ས་ཧ་ལམ་མེད། རྩྭ་ངན་མི་ལས་རིང་བ་སྐྱེས་ཡོད་པས། ཆུ་འགྲམ་དུ་འགྲོ་དགོས་ཚེ་རྦད་དེ་བསྐོར་ནས་སྐྱོད་དགོས” ད་ལོ་ལོ་70ལྷག་ཙམ་ལ་སླེབས་པའི་བགྲེས་སོང་བཀྲ་ཤིས་ལྷ་ཞབས་གླིང་ཕྲན་དུ་འཚོ་བ་བསྐྱལ་ནས་མི་ཚེ་ཕྱེད་ཀ་ཡན་སོང་བ་དང་། ད་ཆ་འདི་གའི་ཆུ་བོར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། དེའང་སྤྱི་ལེ་4.1ཟིན་པའི་གཙང་འགྲམ་ལམ་བུ་ཡོངས་སུ་ཤར་བགྲོད་ཐུབ་པ་དང་། ཟམ་པ་2ལ་བཟོ་སྐྱོར་བརྒྱབ་སྟེ་སེམས་མཐུན་ཟམ་པའི་ཞེང་ཚད་ཆེ་རུ་བཏང་ནས་ལྗོངས་གཟིགས་སྒང་བཟོས་པ་དང་། ལྷ་ཞབས་ཟམ་པར་ཟམ་སྒྲོམ་གསར་པ་བཟོས་ནས་པར་རྒྱག་ས་དང་གཱ་ཐོ་འགོད་ཡུལ་དུ་གྱུར་པ། གཞན་ཡང་སྤང་གཤོངས་སྨི་ངོས་གྲུ་ཁྲི་7.4ལྷག་ཙམ་གསར་དུ་བཏབ་ཡོད་པ་རེད།
“སྔོན་ཆད་ཡུལ་སྐོར་བས་རྒྱུག་ཆུ་ལ་ལྟ་བར་བསྐྱོད་པ་ལས་པར་ལ་བལྟས་ན་དགའ”ཞེས་འཁང་ར་བྱེད་ཀྱི་ཡོད་མོད། འོན་ཀྱང་ད་ལྟ་ཁོ་ཚོས་སྙན་ངག་བར་ཁྱམས་ནས་སྙན་ངག་གྱེར་ཀློག་དང་། རིག་རྩལ་ཆུ་ངོགས་ནས་གློག་གི་སྟོན་མོ་ལྟ་ཐུབ་པས་འཛད་སྤྱོད་བྱ་ཡུལ་གློ་བུར་དུ་འཁྲུག་ཆ་དོད་དུ་སོང་ཡོད” ཡུལ་སྐོར་སྣེ་ཤན་པ་ཟླ་བས་གླིང་ཕྲན་གཉིས་ཁོངས་ཀྱི་ཆུ་བོར“ཚེ་སྲོག་གི་ཚོམས་ཆེན”ཞེས་འབོད། དེའང་ཁྱམས་ཀ་དམར་པོའི་སྙན་ངག་བར་ཁྱམས་སུ་རྒྱ་བོད་དབྱིན་གསུམ་གྱི་སྙན་ངག་བྱང་བུ་རྩི་ཤིང་གི་ཁྲོད་དུ་རབ་རིབ་ཏུ་མངོན། མཚན་མོ་འཆར་སྐབས་ཆུ་ཡོལ་གློག་བརྙན《གླིང་གེ་སར་རྒྱལ་པོ》རྒྱུག་ཆུའི་ངོས་སུ་འཆར་བ་དང་ཕོ་བྲང་པོ་ཏ་ལའི་གསེར་ཟངས་རྒྱ་ཕིབས་རང་བྱུང་ལྷུན་གྱིས་གྲུབ་པའི་རྒྱབ་ལྗོངས་ཤིག་ཏུ་གྱུར་ནས་ལྷག་པར་མཛེས།
ད་ཆ་བར་ཁྱམས་ཀྱི་སྨི་ངོས་གྲུ་ཁྲི་7.4ཟིན་པའི་སྤང་གཤོངས“ཁ་གདན་ལྗང་གུ”ཆེན་པོ་ཞིག་དང་འདྲ་བར། ཆུ་འགྲམ་བརྟན་པོར་བསྲུངས་ནས་ས་མཐོའི་སྐྱེ་ཁམས་སླར་གསོའི་དཔེ་མཚོན་ལྟ་བུར་གྱུར་ཡོད།
སྐྱེ་ཁམས་རྨང་གཞིར་བྱེད་པ་དང་རིག་གནས་ཀྱིས་བླ་སྲོག་བཏོད་ཅིང་། རྣམ་གྲངས་དེའི་ཇུས་འགོད་ཅིང་ལི་ཏིང་དབྱང་དང་ཁོང་གི་ཚོགས་པས“འགོག་རྐྱེན་ཆུང་ཤོས”དང“རིག་གནས་ནང་དོན”དཔེ་རིས་སུ་བཀོད་པ་དང་། སྔར་ཡོད་ཀྱི་ཆུ་འགྲམ་དང་ལྗོན་ཤིང་སོར་འཇོག་དང་ཡུལ་བབ་དང་བསྟུན་ནས་བྱེད་སྒོའི་བར་མཐོངས་བཀོད་སྒྲིག་བྱས་ཡོད། གྲངས་འཛིན་ཅན་གྱི་དོ་དམ་ལས་སྟེགས་ནས་ཆུ་སྤུས་དང་། ཆུ་ཁ་མཐོ་དམན། གནམ་གཤིས་བཅས་ཀྱི་གྲངས་གཞི་དུས་ཐོག་ཏུ་སྟོན་པ་དང་། དོ་དམ་པས་ལག་ཐོགས་ཁ་པར་མནན་ཙམ་བྱས་ཚེ་རྒྱང་རིང་ནས་བཀོད་པ་གཏོང་ཐུབ་པའི་ཚན་རྩལ་གྱི་དགེ་མཚན་མི་རྣམས་ཀྱི་མིག་ལམ་དུ་མི་མངོན་ནའང་རིག་གནས་དང་སྐྱེ་ཁམས་གློག་འོད་ཀྱི་ཁྲོད་དུ་གསལ་པོར་མངོན་གྱི་ཡོད།
ཐུན་མིན་བཟོ་རྩལ་འདི་འདྲ་ནི་ལྷ་སའི་ཆུ་རྒྱུད་འཆར་འགོད་ལ་གོ་བ་གཏིང་ཟབ་བླངས་པ་ལས་བྱུང་བ་ཞིག་རེད། ལྷ་ས་གྲོང་ཁྱེར་ལྟེ་བའི་གྲོང་ཁུལ་གྱི་ཆུ་རྒྱུད་བཅོས་སྐྱོང་ལེཌ་གཏོང་འཆར་འགོད་གཞིར་བཟུང་། གྲོང་ཁྱེར་འདིས“ལྟེ་གཅིག་དང་། ཆུ་གཉིས། སྐོར་གསུམ། ཆུ་ལམ་བཞི། སྣ་མང་ཆུ་བཅོས། སྤྱི་གླིང་དང་སྔོ་ལྗང་སྦྲེལ་མཐུད”བཅས་ཀྱི་ཆུ་རྒྱུད་གྲུབ་ཆ་གཏོད་བཞིན་ཡོད་པ་དང་གླིང་ཕྲན་གཉིས་ཀྱི་ཆུ་བོ་ནི“ཆུས་སྦྲེལ་ཐག་ཏུ་བྱེད་པ་དང་། ལྡུམ་ར་མུ་ཏིག་ཏུ་བརྩི་བའི”འགག་རྩའི་སྐོར་ལམ་ཞིག་རེད། རྣམ་གྲངས་འཛུཌ་སྐྲུན་བྱེད་སྐབས། ཆུ་སྒོ་གཉིས་ཀྱི་ཉེན་སེལ་སྲ་བརྟན་ལས་གྲྭ་དེས་ཆུ་ལོག་གི་བདེ་འཇགས་འགན་ལེན་བྱས་པ་མ་ཟད། ཉ་ལམ་འཆར་འགོད་བརྒྱུད་ཆུ་ལམ་གྱི་སྐྱེ་ཁམས་སྲུང་སྐྱོང་བྱས་ཡོད། གྲངས་འཛིན་ཅན་གྱི་འཛུགས་སྐྲུན་ལས་གྲྭ་ལས་དོ་དམ་པས་དུས་ཐོག་ཏུ་ཆུ་སྤུས་དང་ཆུ་ཁ་མཐོ་དམན་ལ་ལྟ་ཞིབ་ཚད་ལེན་ཐུབ་ནས“ཆུ་དོ་དམ་རིག་ལྡན”མངོན་འགྱུར་ཐུབ་ཡོད། ཆུ་འགྲམ་དལ་སྐྱོད་མ་ལག་གིས་ལོ་རྒྱུས་ཀྱི་སྲང་ལམ་དང་ཚོང་ལས་ཀྱི་མཚམས་ཚིགས་སྦྲེལ་མཐུད་བྱས་ཏེ“གྲོང་ཁྱེར་དང་ཆུ་ཕན་ཚུན་བརྟེན་པ་དང་སྔོ་ལྗང་མཉམ་འདྲེས”ཀྱི་དཔེ་རིས་མངོན་གསུམ་དུ་འགྱུར་བ་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།