སྲིད་ཇུས་བཟང་པོས་སྐྱེ་ཁམས་དང་དཔལ་འབྱོར་གཉིས་ཕན་ལ་རམ་འདེགས་བྱས་པ།
འདི་ནི་མུའུ་ཁྲི་ཡི་ཡུལ་རྩྭ་འདེབས་གསོ་རྟེན་གཞིའི་ལས་དོན་པས་ཁྲལ་དོན་མི་སྣར་རྟེན་གཞིའི་བྱེ་འཇགས་རྩི་ཤིང་ངོ་སྤྲོད་བྱེད་བཞིན་པ།
ཡར་ཀླུང་གཙང་པོའི་ངོགས་ཀྱི་གྲ་ནང་རྫོང་རྔ་སྒྲ་ཤང་གི་མུའུ་8200ཡི་སྐྱེ་ཁམས་རྟེན་གཞིར་ཡོར་ཤིང་དང་གསོམ་ཤིང་སོགས་བྱེ་འཇགས་རྩི་ཤིང་དང་རྒྱང་རིང་གི་གངས་རི་དང་གཙང་པོ་ཕན་ཚུན་གཅིག་ལ་གཅིག་གིས་བརྒྱན་པ་ལྟར་གནས་ཤིང་། སྔོན་ཆད“རླུང་བུ་ལྡང་ཚེ་བྱེ་སེར་གང་སར་འཁྱེར། བྱེ་སེར་འཁྱིལ་ནས་ཞིང་ས་ཡོངས་སུ་བཀབ་པའི”ཐང་རྒོད་དག་ད་ཆ་སྐྱེ་ཁམས་དང་དཔལ་འབྱོར་གཉིས་ཕན་གྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།
མུའུ་ཁྲི་ཡི་ཡུལ་རྩྭ་འདེབས་གསོ་རྟེན་གཞི་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག གྲ་ནང་རྫོང་ཁྲལ་དོན་ཅུས་ཀྱིས“སྲིད་ཇུས་ཐད་གཏོང་རླངས་འཁོར་དང་། ཞབས་ཞུ་མངགས་བཀོད་ཅན། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་དྲ་བ་བཅས་ཟུང་དུ་འབྲེལ་བའི”ཞབས་ཞུའི་མ་ལག་བརྒྱུད། བྱེ་ས་ནས་ཕན་འབྲས་ཐོན་པར་གནད་སྨིན་འདེགས་སྐྱོར་བྱས་ཡོད། ཁེ་ལས་ཀྱི་ཞིབ་སྤེལ་ཐད་མ་འཇོག་བྱེད་ཤུགས་ཆེ་བ་དང་རྣམ་གྲངས་མང་བའི་ཁྱད་ཆོས་ལ་དམིགས་ནས། ཞིབ་སྤེལ་འགྲོ་གྲོན་སྣོན་རྩིས་འཐེན་འཕྲི་དང་། ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཀྱི་གནས་ཐང་འཕར་ཁྲལ་འཕྲལ་བསྡུ་འཕྲལ་སློག་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་གསེད་བཀྲོལ་བྱས་ཏེ། “གཅིག་གཏད་གཅིག”གི་ཟུར་ཁྲིད་དང“ཁྲལ་དོན་བཅའ་ཁྲིམས་ཀྱི་བརྟག་དཔྱད”བྱས་ནས་ཁེ་ལས་འཕེལ་རྒྱས་ཚད་ལྡན་ཡོང་བར་རམ་འདེགས་བྱས་པ་རེད། མུའུ་ཁྲི་ཡི་ཡུལ་རྩྭ་འདེབས་གསོ་རྟེན་གཞིའི་འགན་འཁུར་བ་ཆའོ་ཅཱ་ཤིང་གིས“ལོ་ཤས་རིང་། ཁྲལ་དོན་སྡེ་ཚན་གྱི་ལས་དོན་པས་རྟག་ཏུ་སྲིད་ཇུས་དྲིལ་བསྒྲགས་བྱས་ནས་ང་ཚོས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་ལོངས་སུ་སྤྱོད་ཐུབ་པར་བྱེད་ཀྱི་ཡོད། ཁྲལ་བསྡུའི་གཟིགས་སྐྱོང་དེ་དག་དུས་ཐོག་ཆར་པ་དང་འདྲ་བར་ང་ཚོས་དངུལ་དེ་བས་མང་བ་ཚན་ཞིབ་དང་སྐྱེ་ཁམས་སླར་གསོའི་ནང་གཏོང་ཐུབ་པ་བྱུང་བས་རྟེན་གཞི་འཕེལ་རྒྱས་གཏོང་བའི་གདེང་ཚོད་དེ་བས་ཆེ་རུ་ཕྱིན་སོང”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།